ཟ་མ་ཟོས་ཚར་རྗེས་མྱུར་བར་སྒྲུབ་མི་རུང་བའི་དོན་དག་བདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-02   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        གཅིག མྱུར་དུ་ཐ་མག་མ་འཐེན། ཟ་མ་ཟོས་རྗེས་མྱུར་བར་ཐ་མག་འཐེན་ན་རྒྱུན་ལྡན་གྱི་ཐ་མག་འཐེན་པ་ལས་ལྡབ་བཅུའི་གནོད་པ་ཡོད། དེ་ནི་ཟ་མ་ཟོས་རྗེས་འཇུ་ལམ་གྱི་ཁྲག་གི་འཁོར་རྒྱུན་བྱེད་ཚད་ཇེ་མང་དུ་སོང་ཡོད་པའི་རྐྱེན་གྱིས་ཡིན་ལ། ཐ་མག་ནང་གི་གནོད་པ་ཡོད་པའི་གྲུབ་ཆ་མང་པོ་བསྡུ་ལེན་བྱས་པ་དེས་མཆིན་པ་དང་། ཀླད་པ། སྙིང་རྩར་གནོད་པ་བསྐྱལ་བཞིན་ཡོད།

        གཉིས། མྱུར་དུ་ཇ་འཐུང་མི་རུང་། རབ་ཡིན་ན་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་གཅིག་ནང་ཇ་མ་འཐུང་ན་བཟང་། གཙོ་བོ་ཕོ་ཁའི་ནང་གི་ཟ་མ་ཞུ་ཚར་རྗེས་ད་གཟོད་ཇ་འཐུང་ན་འཇུ་ལམ་བྱེད་ནུས་ལ་ཤུགས་རྐྱེན་ཆེན་པོ་མི་ཐེབས།

        གསུམ། མྱུར་བར་ལུས་བཀྲུ་མི་རུང་། ཟ་མ་ཟོས་ཚར་རྗེས་ཁྲག་རྒྱུན་འབོར་ཆེན་ནི་ཕོ་ཁའི་ནང་དུ་གཅིག་བསྡུས་བྱས་ཡོད་པས། དབང་པོ་གཞན་གྱི་ཁྲག་རྒྱུན་ཇེ་ཉུང་དུ་གྱུར་ཡོད། སྐབས་འདིར་ལུས་པོ་བཀྲུས་ན་སྐྱི་མོ་དང་ཤ་གྲིམ་གྱི་ཁྲག་རྩ་རྒྱ་བསྐྱེད་བཏང་ནས་ཁྲག་གི་བཞུར་ཚད་ཇེ་ཆེར་གཏོང་བ་དང་། དེས་འཇུ་བྱེད་མ་ལག་གི་ཁྲག་རྒྱུན་ཇེ་ཉུང་དུ་བཏང་ནས། ཟས་བཅུད་བསྡུ་ལེན་བྱེད་པར་གནོད་པ་བསྐྱལ་ངེས་པས་ཟ་མ་ཟོས་རྗེས་མྱུར་བར་ལུས་པོ་བཀྲུ་མི་རུང་།

        བཞི། མྱུར་བར་མལ་ཁྲིའི་སྟེང་མ་འདུག ཟ་མ་ཟོས་རྗེས་མྱུར་བར་མལ་ཁྲིའི་སྟེང་བསྡད་ནས་ངལ་གསོས་ན་ཤ་རྒྱགས་པ་ཆགས་སླ། སྤྱིར་བཏང་ཟ་མ་ཟོས་རྗེས་ཆེས་ཉུང་ན་ཡང་སྐར་མ་ཉི་ཤུ་ལ་ངལ་གསོ་ནས་ད་གཟོད་གཉིད་དུ་ཡུར་ན་ཅུང་འཚམས།

        ལྔ། མྱུར་བར་རྐང་ཐང་དུ་མ་འགྲོ། མྱུར་བར་རྐང་ཐང་དུ་སོང་ན་འཇུ་བྱེད་མ་ལག་གིས་འཚོ་བཅུད་དངོས་པོ་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཐེབས་ངེས། ལྷག་པར་དུ་ལོ་ལོན་ཡིན་ན། སྙིང་གི་བྱེད་ནུས་ཉམས་པ་དང་ཁྲག་རྩ་སྲ་འགྱུར་ཆགས་ཡོད་པས་ཁྲག་ཤེད་མར་ཆགས་པའི་གནས་ཚུལ་ཡང་འབྱུང་ངེས།

        དྲུག མྱུར་བར་རླངས་འཁོར་མ་བསྐོར། ཟ་མ་ཟོས་རྗེས་ཕོ་རྒྱུས་ཟས་བཅུད་བསྡུ་ལེན་བྱེད་པར་ཁྲག་རྒྱུན་འབོར་ཆེན་ཞིག་མཁོ་ངེས་ཡོད་པས། ཀླད་ཆེན་ནང་དུ་སྐབས་ཐོག་ལ་ཁྲག་ཇེ་ཉུང་དུ་གྱུར་ནས་ལས་འཇོལ་བྱུང་སླ།

        བདུན། མྱུར་བར་སིལ་ཏོག་མ་ཟ། ཟ་མ་ཟོས་རྗེས་མྱུར་བར་སིལ་ཏོག་ཟོས་ན་འཇུ་སྟོབས་ལ་ཤུགས་རྐྱེན་ཐེབས་ངེས། །