རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་ཁྲུང་ཁྲུང་ནག་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-02   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        ཉེ་སྔོན་མཚོ་སྔོན་ཧུའུ་ཀྲུའུ་རྫོང་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་རྒྱལ་ཁབ་ཀྱི་རིམ་པའི་དང་པོའི་སྲུང་སྐྱོང་འདབ་ཆགས་རིགས་ཏེ་ཁྲུང་ཁྲུང་ནག་པོ་ཐོག་མར་མངོན་ཞིང་།  དེའི་མཆུ་དང་སུག་རྐང་དམར་བ་དང་གཟུགས་བྱད་མཛེས་ཤིང་ལྟ་ན་སྡུག་པ་སྟེ། སྐབས་རེར་ནགས་རི་དང་ཆུ་ཕྲན་གྱི་ནང་དུ་ཆུ་འཐུང་ནས་ཟས་འཚོལ་བ་དང་། སྐབས་རེར་འདམ་རའི་ཐོག་སྙན་འཇེབས་ལྡན་ཞིང་དགའ་སྤྲོའི་ངང་གོམ་པ་སྤོ་བཞིན་ཡོད།

        ཤེས་རྟོགས་བྱུང་བ་ལྟར་ན། ཁྲུང་ཁྲུང་ནག་པོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་ཡིན་པའི་ཆ་ནས་ཉེ་བའི་ལོ་འགའི་རིང་གྲངས་འབོར་ཇེ་ཉུང་དུ་སོང་བའི་དབང་གིས《སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》ནང་བཞག་ཡོད་པ་ཡིན།

        ཉེ་བའི་ལོ་འགའི་རིང་ལ་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ཏེ། ཧུའུ་ཀྲུའུ་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ནུས་པ་ཐེབས་པས། སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ་དང་བསྟུན་རི་སྐྱེས་འདབ་ཆགས་རིགས་ཀྱང་ཇེ་མང་དུ་སོང་ཡོད།