ལྷ་སའི་ལྷ་མོ་འཁྲབ་སྟོན་གྱི་དུས་ཚིགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-02   རྩོམ་ཁུངས།    མི་དམངས་དྲ་བ།

        མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ། ལྷ་མོའི་འཁྲབ་སྟོན་དུས་ཚིགས་ཀྱི་འཁྲབ་སྟོན་ཐེངས་7པ་བྱེད་བཞིན་ཡོད་པ་རེད། འཁྲབ་སྟོན་དེ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་ཞོལ་ལྷ་མོ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་ལྷ་མོའི་འཁྲབ་གཞུང་བརྒྱད་ནང་གི་《འགྲོ་བ་བཟང་མོ》ཡིན་པ་རེད།

        2019ལོའི་ལྷ་མོའི་འཁྲབ་སྟོན་དུས་ཚིགས་ཀྱི་བྱེད་སྒོ་དེ་ཟླ་5ཚེས་18ཉིན་དངོས་སུ་འགོ་བཙུགས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་དམངས་ཁྲོད་ལྷ་མོ་ཚོགས་པ་དང་ལྷོ་ཁའི་མོན་པའི་ལྷ་མོ་ཚོགས་པས་གྲོང་མི་དང་ཡུལ་སྐོར་བ་ཚོར་《གཟུགས་ཀྱི་ཉི་མ་》དང་《དྲི་མེད་ཀུན་ལྡན》སོགས་ལྷ་མོའི་འཁྲབ་གཞུང་6འཁྲབ་སྟོན་བྱས་པ་རེད་།   གཟའ་འཁོར་རེའི་གཟའ་སྤེན་པར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནང་ལྷ་མོའི་འཁྲབ་སྟོན་བལྟ་བར་འགྲོ་བ་ནི་མི་མང་པོའི་གཟའ་མཇུག་གི་གདམ་ག་ཞིག་ཏུ་གྱུར་ཡོད།

        2019ལོ་ནི་ལྷ་མོ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་བདམས་ནས་ལོ་10འཁོར་བའི་ལོ་ཞིག་རེད། དམངས་ཁྲོད་ཀྱི་ལྷ་མོ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར་ཞོ་སྟོན་དང་བསྟུན་ནས།  བསྟུད་མར་ལྷ་མོའི་འགྲེམས་འཁྲབ་སྐབས་7གཉེར་བ་དང་། འགྲན་བསྡུར་ཆེན་མོ་སྐབས་5གཉེར་ཡོད་པ་རེད་།   བསྡོམས་རྩིས་བྱས་པར་གཞིགས་ན། 2012ལོ་ནས་བཟུང་། ལྷ་མོའི་འཁྲབ་སྟོན་བྱེད་སྒོ་ཐེངས་84གཉེར་ཡོད་པས་དེའི་ནང་ཞུགས་མཁན་གཟིགས་མོ་བ་མི་ཐེངས་ཁྲི་120ཟིན་ཡོད། 2018ལོར་སྤེལ་བའི་ལྷ་མོའི་འཁྲབ་སྟོན་དུས་ཚིགས་ཀྱི་བྱེད་སྒོ་ནས་བཟུང་འཁྲབ་སྟོན་ཐེངས་19བྱས་ཡོད་པ་རེད།