བདེ་ཆེན་ཁུལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་30ཡི་དམངས་གླུ་དང་རྒྱན་གོས་འགྲན་བསྡུར་ནང་ཞུགས་པ།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2019-06-28   རྩོམ་ཁུངས།    བདེ་ཆེན་དངོས་མིན་ཤུལ་བཞག་རིག་གནས།


     ཟླ་6པའི་ཚེས་21ཉིན་ནས་ཚེས་23ཉིན་བར།  རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་30ཡི་དམངས་གླུ་དང་རྒྱན་གོས་འགྲན་བསྡུར་ཆེ་མོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་འཚོགས་པ་རེད།

    བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་བདེ་ཆེན་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་དང་མཉམ་དུ་གྲ་སྒྲིག་ཞིབ་ཚགས་བྱས་རྗེས་བདེ་ཆེན་ཁུལ་གྱི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་དང་བདེ་ཆེན་མི་རིགས་རིག་གནས་ཀྱི་ནང་དོན་མཚོན་པའི་གླུ་གཞས་བདམས་ནས།  ཡུན་ནན་གྱི་བོད་རིགས་ས་ཁུལ་ཁོ་ན་ཡིན་པའི་ངོས་ཐད་ཀྱི་ས་ཁོངས་ཁྱད་ཆོས་དམིགས་སུ་བཟུང་བ་དང་།   བདེ་ཆེན་གྱི་སྣ་མང་རིག་གནས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ནས་ཁྱོན་བསྡོམས་མི་སྣ25ཐེངས་འདིའི་འགྲན་བསྡུར་ནང་མངགས་ཡོད། 

     བདེ་ཆེན་ཁུལ་གྱི་འགྲན་ཞུགས་ཚོགས་པས་འགྲེམས་སྟོན་བྱས་པའི་རྒྱན་གོས་གཙོ་བོ་ནི་བོད་རིགས་དང་། ལི་སུའུ་རིགས། འཇང་རིགས།  དབྱི་རིགས་བཅས་ཀྱི་སྲོལ་རྒྱུན་རྒྱན་གོས་བཅས་ཡིན་པ་དང་། འགྲན་ཞུགས་གླུ་གཞས་གཙོ་བོ་ནི་བདེ་ཆེན་ཁུལ་གྱི་མངའ་ཁོངས་སུ་དར་ཁྱབ་ཆེ་བའི་བོད་རིགས་ཀྱི་སྲོལ་རྒྱུན་ལྡན་པའི་གླུ་གཞས་ཡིན་པ་རེད།    

བདེ་ཆེན་བོད་གཞས་ཀྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཆོས་འཛོམས་དམངས་གླུ་འགྲན་བསྡུར་ནང་ཞུགས་པ།

    བདེ་ཆེན་འཇང་རིགས་ཀྱི་དམངས་ཁྲོད་གཞས་པ་མོ་ཧྲང་ཆི་དམངས་གླུ་འགྲན་བསྡུར་ནང་ཞུགས་པ།

    བདེ་ཆེན་ཁུལ་གྱི་འགྲན་ཞུགས་ཚོགས་པས་བདེ་ཆེན་ཁུལ་གྱི་རྒྱན་གོས་རིག་གནས་དང་དམངས་གླུའི་ཡིད་དབང་འཕྲོག་པའི་གསོན་ཤུགས་མངོན་ནས་མཐར་རྩ་འཛུགས་ཀྱི་བྱ་དགའ་དང་།   འགྲོ་འོང་ངོམ་སོའི་བྱ་དགའ།   དམངས་གླུའི་སྐར་ཕྲན་བཅས་ཀྱི་བྱ་དགའ་ཐོབ་པ་རེད།