བྱིས་པར་སྟེར་མི་རུང་བའི་ཟས་རིགས་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲྭ་བ།

༡ ཆང་དང་ཆང་འདྲེས་པའི་ཟས་རིགས།

        དཔེར་ན་ཆང་བཅུད་འདྲེས་པའི་ཁྲོག་ལེ་ལྟ་བུའི་ཟས་རིགས། བྱིས་པ་ཆུང་ཆུང་ཚོས་ཆང་འཐུང་བར་ཚང་མར་དུག་ཕོག་པའི་ངེས་པ་མེད་མོད། ཡིན་ནའང་གནོད་པ་ཧ་ཅང་ཆེན་པོ་ཡོད། བྱིས་པའི་མཆིན་པ་ད་དུང་སྐྱེ་འཕེལ་ལེགས་པོ་བྱུང་མེད་པའི་དབང་གིས། མཆིན་པའི་ཆང་བཅུད་ཀྱི་དུག་སེལ་ནུས་པ་བལྟོས་བཅས་ཀྱིས་ཞན་པ་དང་། གལ་ཏེ་ཆང་འཐུང་བ་ཡིན་ན་མཆིན་པར་གནོད་པའམ་ཚད་ལས་བརྒལ་ཏེ་དྲན་པ་ཐོར་བ་སོགས་ནད་རྟགས་ལྕི་མོ་འབྱུང་སྲིད།  ལོ་༣མན་གྱི་བྱིས་པ་ལ་གནོད་ཚབས་དེ་བས་ཆེ་བ་དང་། ཚབས་ཆེ་ན་ད་དུང་ཀླད་པར་རྨས་སྐྱོན་ཕོག་པའམ་ཡང་ན་འཆི་ཉེན་ཡོད།

༢ ཇ།

      ལོ༦མན་གྱི་བྱིས་པས་ཇ་མ་བཏུང་ན་ལེགས། གང་ལགས་ཤེ་ན། ཇའི་ནང་གི་ཁ་ཧྥེ་རྒྱུ་སོགས་ཀྱིས་དཀྱིལ་གཞུང་དབང་རྩའི་མ་ལག་ཟིང་ཟིང་པོར་འགྱུར་དུ་བཅུག་སྟེ། གཉིད་ལ་ཤུགས་རྐྱེན་བཟོ་སྲིད།

       གཞན་ཡང་། ཇའི་ནང་གི་ཏན་ཉིང་སྐྱུར་གྱིས་འཇུ་བྱེད་མ་ལག་གི་འབྱར་སྐྱི་འཁུམ་འདུ་བྱེད་དུ་འཇུག་སྲིད་པས། འཚོ་བཅུད་དངོས་པོའི་བསྡུ་ལེན་ལ་ཤུགས་རྐྱེན་བཟོ་བ་དང་ཡི་ག་ཇེ་ཞན་དུ་སོང་སྟེ། འཇུ་སྟོབས་ཞན་པའི་ནད་རྟགས་དང་། ད་དུང་ཁྲག་ཞན་འབྱུང་སླ་བས།  བྱིས་པར་ཇ་བཏུང་དུ་མ་བཅུག་ན་ལེགས།

༣ སྦྲང་རྩི།

      ལོ༡མན་གྱི་ཕྲུ་གུས་སྦྲང་རྩི་བཟས་ན་འཚམ་པོ་མེད། གང་ལགས་ཤེ་ན། སྦྲང་རྩི་ནི་དུག་སེལ་བྱེད་དཀའ་བའི་ཟས་རིགས་སུ་གཏོགས་པ་དང་། དེའི་ཁྲོད་དུ་རྟག་པར་འཕང་དབྱིབས་ཤ་དུག་ནར་སྲིན་མྱུག་ཕུང་འདུས་ཡོད།

     རྒྱུ་ལམ་དང་ནད་འགོག་མ་ལག་ད་དུང་ནར་སོན་མེད་པའི་ལོ༡མན་གྱི་བྱིས་པས་སྦྲང་རྩི་ཟོས་རྗེས། རྒྱུ་མའི་ནང་དུ་སྐྱེ་འཕེལ་འབྱུང་བར་མ་ཟད་དབང་རྩའི་དུག་རྒྱུ་རིགས་ཤིག་ཐོན་ཏེ།  བྱིས་པའི་ཤ་དུག་ནར་སྲིན་ནད་སློང་བ་དང་། ཕྲུ་གུའི་དབང་རྩའི་ཤ་གྲིམ་སྙོམས་ཤོར་དང་ཐ་ན་དབུགས་ལམ་མ་ལག་གི་ནུས་པ་ཤོར་སྲིད་པས། དེ་ནི་ཕྲུ་གུའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཞིག་ཡིན།

༤ སིལ་ཁན།

      ཁྱིམ་བདག་ཚོས་སིལ་ཁན་ནི་བྱིས་པའི་བཟའ་བྱར་བརྩིས་ཏེ། རྟག་པར་སིལ་ཁན་དེའི་རིགས་ཀྱི་ཕྱི་སྣོད་སྟེང་གི་དྲན་སྐུལ་ཡི་གེ་སྣང་མེད་དུ་བཞག་ཡོད། དེའི་སྟེང་དུ་ལོ༣མན་གྱི་བྱིས་པ་དང་དེ་བཞིན་རྒན་རྒོན་ཚོས་བཟས་ན་འཚམ་པོ་མེད་བཅས་བྲིས་ཡོད་པ་དང་། བྱིས་པ་ཚོས་རྟག་ཏུ་སིལ་ཁན་ཕོར་བ་བཟུང་ནས་ཐད་ཀར་འཇིབ་རྒྱུར་དགའ་བས། གློ་སྦུག་འགག་ཏེ་དབུགས་འགག་པའི་ཉེན་ཁ་ཆེ་བ་དང་།  མིད་པ་ཡང་འགག་པའི་ཉེན་ཁ་ཡོད།

༥ བ་དམ་སོགས་མཁྲེགས་འབྲས་རིགས།

       ཕྲུ་གུའི་མིད་པའི་ནུས་པ་ཡོངས་སུ་སྨིན་མེད་པས། ཤུན་མཁྲེགས་ཤིང་འབྲས་མིད་པའི་སྐབས་སུ་མིད་པ་འགག་སླའོ། །

༦ ཐཱང་ཡོན་དང་ཐུད་ཟས།

     ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཐཱང་ཡོན་ཟ་བའི་ལུགས་སྲོལ་ཡ་པ་དང་། ས་ཆ་ལ་ལ་ཞིག་ཏུ་ལོ་གསར་གྱི་སྐབས་སུ་ཐུད་ཟས་ཟ་བའི་སྲོལ་ཡོད། ཡིན་ནའང་ཟས་འདིའི་རིགས་འཇུ་མི་སླ་བས་ཕོ་རྒྱུར་གནོད་པ་ཡོད་པ་དང་།  ཕྱོགས་གཞན་ཞིག་ནས་ཕྲུ་གུ་ཆུང་ཆུང་གིས་ཟ་དུས་མིད་པའི་ནང་འགག་སྟེ་དབུགས་འབྱིན་རྔུབ་བྱེད་པར་འགོག་རྐྱེན་བཟོ་སྲིད་པས། ལོ་༣མན་གྱི་ཕྲུ་གུར་ཐུད་ཟས་སོགས་ཟ་རུ་མ་བཅུག་ན་ལེགས།

༧ ཚྭ་ལྡན་སྔོ་ཚལ་སོགས་བསྙལ་བཟོས་ཟས་རིགས།

བསྙལ་བའི་ཟས་རིགས་མང་པོའི་ནང་ཚྭ་འབོར་ཆེན་ཡོད་པས། ཕྲུ་གུ་ཆུང་ཆུང་གི་མཁལ་མ་ལ་མཚོན་ན། ཁུར་པོ་ལྕི་དྲགས་པ་དང་། དེས་ཕྲུ་གུར་མ་འོངས་པར་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་འབྱུང་ཉེན་བཟོ་སྲིད་པ་དང་། དུས་མཚུངས་སུ་བསྙལ་བཟོས་ཟས་རིགས་འགའ་ཞིག་གི་ཁྲོད་ཟེ་སྐྱུར་ཚྭ་ཕལ་བ་མང་པོ་ཡོད་པས། དེ་ནི་སྐྲན་འབྱུང་དངོས་རྒྱུ་ཡིན་པ་དང་། གལ་ཏེ་ཐེངས་གཅིག་ལའང་ཟ་རྒྱུ་མང་དྲགས་ན་ཉེན་ཁ་ཆེན་པོ་ཡ༨ མཚོ་ཟས།

     སྡིག་སྲིན་སོགས་མཚོ་ཟས་ནང་དུ་སྤྲི་དཀར་རྫས་འབོར་ཆེན་དང་མཁྲིས་རྒྱུ་གཤེར་རྩི་ཅུང་མཐོ་བས། ཚོར་ཐལ་གཟུགས་གཞི་ཅན་གྱི་མིར་མཚོན་ན། ཚོར་ཐལ་འབྱུང་སླ་བ་དང་། ཐ་ན་ཟྭ་འབྲུམ་ཡང་འབྱུང་སྲིད།

      གལ་ཏེ་བྱིས་པར་དབུགས་འཚང་བའི་ནད་ཕོག་ཡོད་ན། མཚོ་ཟས་ཟོས་རྗེས་དབུགས་འབྱིན་རྔུབ་དཀའ་བའི་ནད་ཡང་བསྐྱར་འབྱུང་ཉེན་ཡོད་པ་དང་། གོང་གི་ནད་རྟགས་དེ་དག་མེད་ན་ཡང་བྱིས་པར་མཚོ་ཟས་མང་པོ་ཟ་རུ་འཇུག་མི་རུང་།

                                                         ༩ ནུས་ལྡན་བཏུང་བྱ།

       ནུས་ལྡན་བཏུང་བྱའི་གྲུབ་ཆར་དམིགས་བསལ་གྱི་རང་བཞིནཡོད་པ་དང་། སྤྱིར་བཏང་དུ་ལུས་རྩལ་པ་དང་། ལུས་ཤུགས་ཟད་གྲོན་ཆེ་བའི་དམིགས་བསལ་གྱི་མི་ཚོགས་ལ་འཚམ་པོ་ཡོད་ཅིང་།  འགུལ་སྐྱོད་དྲག་པོ་བྱས་པ་དང་མི་ལུས་ནས་རྔུལ་ཆུ་མང་པོ་བཞུར་རྗེས་འཐུང་གི་ཡོད།

     བྱིས་པར་གོང་གི་ཆ་རྐྱེན་དེ་དག་མི་འཛོམས་པར་མ་ཟད། ད་དུང་ནུས་ལྡན་བཏུང་བྱའི་ཡོངས་ཁྱབ་གྲུབ་ཆའི་ནང་གི་གྲུབ་ཆ་ཁ་ཤས་ནི་བྱིས་པར་འཚམ་པོ་མེད་པས། ལུས་ཕུང་སྐྱེ་འཚར་དང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད་པས་ཕྲུ་གུར་བཏུང་བྱ་དེའི་རིགས་བཏུང་དུ་འཇུག་མི་རུང་།