གཡག་རྭ་མངགས་གཏོང་ཁང་ལ་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་མཚན་སྙན་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-26   རྩོམ་ཁུངས།    སེམས་ཀྱིཉི་ཟླ་བོད་ཡིག་དྲྭ་བ།

     

  སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་ཐུན་མོང་གཟེངས་བསྟོད་ཚོགས་འདུ་དེ་ཚེས་25ཉིན་པེ་ཅིང་ནས་འཚོགས་པ་རེད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོ་ནས་གཟེངས་བསྟོད་ཐོབ་པའི་འཐུས་མི་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རང་འཁྲིའི་ལས་གནས་ཐོག་གྲུབ་འབྲས་དེ་བས་ཆེ་བ་འཐོབ་རྒྱུའི་ལྕག་སྐུལ་གནང་བ་རེད།

སྐབས་དགུ་པའི་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་ཐུན་མོང་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲིག་འཛུགས་བྱས་པ་ཞིག་རེད། ཚོགས་ཆེན་ཐོག་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་192དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་98ལ་གཟེངས་བསྟོད་བྱས་པ་རེད། དེའི་ནང་རྒྱལ་ཡོངས་ཀྱི་དཔེ་སྟོན་སྤྱི་བདེའི་མཚན་སྙན་ཐོབ་མ་ཐག་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་སྤྱི་བདེ་ཅུས་གཡག་རྭ་མངགས་གཏོང་ཁང་ལ་རྒྱལ་ཡོངས་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་ཀྱི་མཚན་སྙན་ཐོབ་པ་རེད། 

ཟླ་5བའི་ཚེས་27ཉིན། སྤྱི་བདེ་པུའུ་ཡིས་པེ་ཅིང་ནས་རྒྱལ་ཡོངས་ཀྱི་སྤྱི་བདེ་དཔེ་བཟང་མི་སྣའི་སྐབས་གསུམ་པའི་ཡོངས་བསྒྲགས་བྱེད་སྒོ་སྤེལ་ཞིང་། མི་སྒེར་དཔེ་བཟང་ལྔ་དང་ཐུན་མོང་དཔེ་བཟང་གཅིག་གི་མཛད་རྗེས་དང་སྤྱོད་བཟང་ལ་གཅིག་བསྡུས་ཀྱིས་ཡོངས་བསྒྲགས་བྱས་པ་ཡིན་ལ། དེའི་ཁྲོད་རྒྱལ་ཡོངས་ཀྱི་ཐུན་མོང་དཔེ་བཟང་གི་གཟེངས་རྟགས་གཅིག་པུ་དེ་རང་ཁུལ་གྱི་གཡག་རྭའི་མངག་གཏོང་ཁང་ལ་ཐོབ་པ་རེད། 

    ཡུན་ནན་ཞིང་ཆེན་གྱི་བྱང་ཕྱོགས་ཀྱི་མཐའ་མཚམས་སུ་ཡོད་པའི་གཡག་རྭ་ཤང་ནི་ཡུན་བོད་ཁྲོན་གསུམ་གྱི་འབྲེལ་མཚམས་སུ་ཡོད་ལ།མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་3240ཡིན་ཏེ། གྲང་ངར་ཆེ་ལ་ས་རི་རྩུབ་པས་འཚོ་སྡོད་ཀྱི་ཁོར་ཡུག་ཧ་ཅང་ཞན་པ་རེད། 1964ལོར་གནས་དེར་གཡག་རྭའི་མངག་གཏོང་ཁང་དངོས་སུ་བཙུགས་ཤིང་། མངག་གཏོང་ཁང་གིས་ད་ལྟའི་བར་དུ་གནས་དེའི་རྒྱུན་སྡོད་མི་གྲངས་5763ཡི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་རེད། ད་ལྟ་མངག་གཏོང་ཁང་ན་སྤྱི་བདེ་མི་སྣ་7དང་། སྤྱི་བདེ་ལག་རོགས་མི་སྣ་5བཅས་ཡོད་ལ། ཁོ་ཚོས་མཐུད་དུ་ལོ་ངོ་དྲུག་ཅུར་ཉེ་བའི་བདེ་ཆེན་མཐོ་སྒང་གི་གཡག་རྭའི་སྙིང་སྟོབས་དར་སྤེལ་གཏོང་བཞིན་ཡོད། 

ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པའི་དབང་གིས་གཡག་རྭ་མངགས་གཏོང་ཁང་ལ་སྔ་ཕྱིར་རྒྱལ་ཡོངས་ཀྱི་དཔེ་སྟོན་སྤྱི་བདེ་དང་།   ཡུན་ནན་ཞིང་ཆེན་གྱི་སྐབས་དྲུག་པའི་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་བྱ་དགའ་སོགས་ཐོབ་མྱོང་།  ཐུན་མོང་གི་བྱས་རྗེས་རིམ་པ་དང་པོ་ཐེངས་གཅིག་དང་། ཐུན་མོང་གི་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག     ཐུན་མོང་གི་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་བཅས་ཐོབ་མྱོང་།