བདེ་ཆེན་གྱི་བུ་མོ་ཧོ་ཡོང་ཆོན་རྒྱལ་ཡོངས་གསར་གཏོད་གཉིས་ཀྱི་གྲོས་ཚོགས་ཆེན་མོར་ཞུགས་ཤིང་ཙུང་ལི་ལི་ཁོ་ཆང་གིས་ཁོ་ཚོར་བསྟོད་པ་བྱས་ལ་སྐུལ་མ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཟླ་6ཚེས་13ཉིན།གསར་གཏོད་རང་བཞིན་གྱི་སྐྱེ་སྟོབས་གཅིག་བསྡུས་དང་།འཕེལ་རྒྱས་ཀྱི་སྒུལ་ཤུགས་ཚ་རླབས་ངང་སྤེལ་བ་བརྗོད་བྱ་གཙོ་བོར་བྱས་པའི་རྒྱལ་ཡོངས་མང་ཚོགས་ཀྱིས་བྱ་གཞག་གསར་གཏོད་བྱེད་སྒོ་ཧང་ཀྲོའུ་ཕུགས་བསམ་གྲོང་རྡལ་ཆུང་དུ་སྤེལ་འགོ་ཚུགས་པ་རེད། བདེ་ཆེན་ཁུལ་བྱ་གཞག་གསར་གཏོད་གཞོན་ནུ་ཚོ་ཡུན་ནན་ཞིང་ཆེན་གྱི་གྲོང་གསེབ་གཞོན་ནུའི་བྱ་གཞག་གསར་གཏོད་དཔེ་མཚོན་འཐུས་ཚབ་བྱས་ནས་ཐེངས་འདིའི་བྱེད་སྒོར་ཞུགས།ཞིང་ཆེན་གཞན་དག་གི་ཕུལ་བྱུང་བྱ་གཞག་གསར་གཏོད་ན་གཞོན་འཐུས་ཚབ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁོ་ཆང་གིས་བྱམས་བརྩེའི་འཚམས་འདྲི་དང་དགའ་བསུ་ཞུས་པ་རེད།


        ཧོ་ཡོང་ཆོན་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་གྱི་མི་ཡིན་པ་དང་། ཡུན་ནན་སློབ་ཆེན་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ཐོབ། ཁོང་གིས་རྒྱལ་ཁབ་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན།ཀུན་གྱིས་གསར་གཏོད་བྱེད་ཅེས་པའི་འབོད་སྐུལ་དང་ལེན་བྱས་ནས་གྲོང་གསེབ་ཏུ་ལས་རིགས་གསར་གཏོད་བྱེད་པར་ཕྱིན།ཁོས་གསར་གཏོད་ལས་གཞི་དེ་ཧ་ཅང་དབུལ་བའི་ས་གནས་སུ་བཙུགས་ཞིང་།དེར་བརྟེན་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཨོ་ཧྥུའུ་ཞིང་སྡེ་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་ཕག་ཤ་གསོ་ཚགས་སོགས་ཚོང་ལས་ཀྱི་་སྣེ་ཁྲིད་བྱས་ཏེ།དེང་རབས་ཞིང་ལས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་ཞིང་ཆེན་དེ་ཡོངས་ཀྱི་ཤང་གྲོང་14དང་།དུད་ཚང་དབུལ་པོ་1465ལ་ཡོང་འབབ་འཕར་སྣོན་རོགས་འདེགས་ཆེན་པོ་བྱས་པས།ས་གནས་དེ་གའི་གྲོང་གསེབ་ཀྱི་གཞོན་ནུ་ཕྱུག་འགྱུར་སྣེ་ཁྲིད་པ་དང་རོགས་འདེགས་དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།