འཛུགས་སྐྲུན་བྱེད་བཞིན་པའི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


བརྙན་རིས་མིག་གི་དགའ་སྟོན།

        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་པ་འདིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཡུན་ནན་ཞིང་ཨུ། ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་བོད་ཁུལ་ལ་ཐུགས་ཁུར་ཆེན་པོ་བྱེད་པ་མཚོན་ལ།འཛུགས་སྐྲུན་བྱེད་ཚར་རྗེས་ཡུལ་འདིའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བྱུང་ཐུབ་བྱས་ཏེ།བདེ་ཆེན་མཐོ་བརྒལ་རྣམ་པའི་འཕེལ་རྒྱས་ཡོང་བ་དང་ཡུན་རིང་བརྟན་འཇགས་ཡོང་བར་དོན་སྙིང་ཆེད་པོ་ལྡན་པ་རེད། ཕྱོགས་སོ་སོའི་འབད་བརྩོན་འོག་ལྕགས་ལམ་དང་གཞུང་ལམ་གཉིས་གི་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་བཞིན་ཡོད་ལ། ལྷག་པར་དུ་ལས་གྲྭའི་ལས་ཁུངས་མང་བོས་ས་མཐོའི་ལས་གྲྭའི་དཀའ་ཁག་དང་རྙོག་འཛིང་ཆེ་བའི་གནས་ཚུལ་བཅས་རྣམ་པར་རྒྱལ་ནས། བདེ་འཇགས་དང་སྤུས་ལེགས། འཛུགས་སྐྲུན་སྐུལ་སྤེལ་སྙོམས་སྒྲིག་དང་གཅིག་གྱུར་ཡོང་བའི་གྲུབ་འབྲས་ལ་ཁས་ལེན་བྱེད་འོས་པ་རེད། 

ས་དམ་ནས་སེམས་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་གི་ཟམ་ཆེན་གྱིས་འབྲི་ཆུང་འཕྲད་ཀྱིས་བཅད་ཡོད་པ།

        སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་།ས་བབ་ཧེ་བག་ཆེ་བ། ཨར་ལས་ཀྱི་དཀའ་གནད་ཆེ་བ་བཅས་ཀྱི་དབང་གིས་འཛམ་གླིང་གི་ཨང་དང་པོ་སྟེ་འབྲི་ཆུའི་ཟམ་ཆེན་གྱི་ལྕགས་གདུང་དཔྱངས་ཟམ་དང་སྟག་མཆོང་འགག་གི་ས་འོག་ཏུ་ཕན་ཚུན་སྣོལ་རེས་བྱས་པ་རེད།ཟླ་5པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་187.82བཏང་ནས་མ་འཇོག་བསྡོམས་འབོར་89.09%ལེགས་གྲུབ་བྱུང་ཡོད།ལས་གྲྭའི་འཆར་གཞི་ལྟར་ན། 2020ལོར་གཞུང་ལམ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། 

ལམ་བར་ས་དབྱིབས་ཀྱི་དཔེ་མཚོན་རི་མོ།