ཧ་པ་གངས་རིའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཧ་པ་གངས་རི་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་ཤར་ལྷོའི་ཕྱོགས་སུ་ཡོད་ལ།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5396ཡིན། རི་རྩེ་དེ་ལོ་གང་བོར་གངས་ཀྱིས་གཡོགས་ཡོད་དེ། ཡུན་ནན་ཞིང་ཆེན་ནང་ཁུལ་གྱི་རི་མཐོ་ཤོས་ཤིག་ཡིན་པ་རེད། ཡུལ་འདིའི་ནམ་ཟླ་ས་ཆ་གཞན་པ་དང་བསྡུར་ན་ཅུང་དྲོད་འཇམ་ཡིན་ལ། ས་རི་ཡང་དེ་འདྲ་རྩུབ་པོ་མིན་པས་རྒྱལ་ཁབ་ཕྱི་ནང་ནི་རི་འཛེག་པ་མང་བོས་དགའ་བསུ་ཆེན་པོ་ཐོབ་པ་རེད།

        ཧ་པ་གངས་རིར་སྐྱེ་དངོས་ཀྱི་རིགས་ཕུན་སུམ་ཚོགས་པ་ཡོད་ཅིང་། རྩ་ཆེན་སྨན་རྩྭ་དང་རི་སྐྱེས་སྲོག་ཆགས་མང་བོ་ཡོད་དེ། དཔེར་ན་སྨན་རྩྭའི་རིགས་སུ་གཏོགས་པའི་དབྱར་རྩྭ་དགུན་འབུ་དང་གངས་ལྷ་མེ་ཏོག སྡོང་ཕུང་། སྙི་བ་སོགས་མང་བོ་ཡོད་ལ། རི་སྐྱེས་རི་དྭགས་ལ་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྲུང་སྐྱོང་སྲོག་ཆགས་སྤྲེའུ་སྤུ་སེར་དང་རྐྱང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་གསའ་དང་དོམ་ཆུང་། གཟིག་སྒོར་ཐིག་ཅན། གླ་སོགས་མང་བོ་ཡོད་པ་རེད།

        རི་བོ་འདིའི་མཚོ་ངོས་ལས་མཐོ་ཚད་སྨི་4000ཡིན་གྱི་གནས་དེ་ནམ་ཟླ་ཅུང་གྲང་ངར་ཆེ་ལ་ས་རི་ཡང་ཅུང་རྩུབ་པོ་ཡིན་ཞིང་། མཚོ་ངོས་ལས་མཐོ་ཚད་སྨི4000མན་གྱི་ས་བབ་ཅུང་བདེ་ཐང་ཡིན་ལ་ནམ་ཟླ་ཡང་ཅུང་དྲོད་འཇམ་ཡིན་པས་དབྱར་གཞུང་ལ་སྤྲོ་གསེང་བྱེད་པར་ཧ་ཅང་མཚམས་པ་རེད། ཉིན་འདི་དག་ལ་གནས་འདིའི་རི་ལུང་ཀུན་དུ་སྟག་མའི་མེ་ཏོག་གིས་བརྒྱན་ཡོད་དེ། རྩྭ་ཆུ་ཤིང་གསུམ་མཛོམས་པའི་མཛེས་སྡུག་གི་རི་ལུང་འདིར་སྔ་ལས་ཡིད་འཕྲོག་གི་སྣང་ཞིག་གིས་ཁེངས་ཡོད།