མགར་བ་བློ་བཟང་བཀྲ་ཤིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ

        བློ་བཟང་བཀྲ་ཤིས་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གཡག་རྭ་ནས་ཡིན་ལ། མགར་བའི་ཁྱིམ་རྒྱུད་ཅིག་གི་བཟོ་རྩལ་རྒྱུད་འཛིན་པ་མི་རབས་བཞི་ཅུ་བ་ཡིན་པ་རེད། ཁོ་རང་གིས་ཁྱིམ་རྒྱུད་ཀྱི་བཟོ་རྩལ་རྙིང་བ་རྒྱུད་འཛིན་བྱེད་པའི་དུས་མཚུངས་སུ་རང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་ས་གནས་ཀྱི་གནའ་བོའི་བཟོ་རྩལ་དང་དམངས་ཁྲོད་དད་མོས་ཟུང་འབྲེལ་བྱས་ཤིང་།སྲོལ་རྒྱུན་གྱི་བཟོ་རྩལ་དང་གསར་གཏོད་གོང་འཕེལ་ཟུང་འབྲེལ་གྱིས་ཁྱིམ་རྒྱུད་ཀྱི་སྲོལ་རྒྱུན་བཟོ་རྩལ་རྒྱུད་འཛིན་ཡག་པོ་བྱེད་བཞིན་ཡོད།

        བོད་ཀྱི་བཟོ་རྩལ་མཛེས་རྩལ་དང་འཛུགས་སྐྲུན་མང་ཆེ་བ་གསེར་དང་དངུལ། ཟངས། ལྕགས་སོགས་ཀྱི་རྒྱུ་ཆས་བཟོས་པ་ཡིན་ལ། ལྷག་པར་དུ་ལྷ་ཁང་སོགས་ཀྱི་མཛེས་བཟོའི་ཁག་དེ་གསེར་དང་དངུལ་སོགས་ཀྱི་རིན་པོ་ཆེ་ཡིན་ཏེ། འདི་བོད་རིགས་ཀྱི་འཚོ་བའི་གོམས་གཤིས་དང་འཚོ་སྡོད་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད་པ་རེད། ཁྱིམ་རྒྱུད་ཀྱི་མི་རབས་བཞི་ཅུ་བ་མགར་བ་བློ་བཟང་བཀྲ་ཤིས་ཀྱིས་སྲོལ་རྒྱུན་གྱི་བཟོ་རྩལ་དང་ལས་སྣོན་ཕྱོགས་ནས་གདོད་མའི་ཡོ་བྱད་སྤྱོད་བཞིན་ཡོད་པ་མ་ཟད། བཟོ་ལས་ཕྱོགས་ནས་དུས་ད་ལྟ་ཡང་གསེར་དངུལ་བཞུས་ནས་བླུགས་པའི་སྲོལ་རྒྱུན་གྱི་བཟོ་ཐབས་སྤྱད་བཞིན་ཡོད།ལུག་ཚིལ་དང་ཐང་ཆུ། པྲ་ཚིལ་སོགས་ཀྱི་བཟོ་ལས་ཐོན་རྫས་ཀྱི་དཔེ་དབྱིབས་གྲུབ་རྗེས། ཐང་ཆུ་དང་པྲ་ཚིལ་བརྐོས་ནས་བཟོ་ལས་ཐོན་རྫས་ལས་དགོས་པ་རེད། གསེར་ཐལ་ནང་ལ་བཞུ་བ་དེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་ལྕགས་རིགས་བཟོ་རྩལ་ཁྱད་པར་བ་ཞིག་ཡིན།