ཟི་ལིང་རྟེན་རྫས་བཤམས་མཛོད་ཁང་གིས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-14   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ།

         ཟི་ལིང་རྟེན་རྫས་བཤམས་མཛོད་ཁང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་དུ་གནས་པ་དང་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ཆིང43ཡོད། དེའི་འཆར་འགོད་ཁྱབ་ཁོངས་ཁྲོད་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་དུས་རིམ་དང་པོ་དང་། བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་དུས་རིམ་གཉིས་པ། མཚོ་བོད་མཐོ་སྒང་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དང་ཁུ་ནུ་གཡང་ཊིའི་རིག་གནས་རྟེན་རྫས་བཤམས་མཛོད་ཁང“བཅས་རྟེན་རྫས་བཤམས་མཛོད་ཁང་ཆེན་པོ་བཞི་འདུས་ཡོད་པ་རེད། མིག་སྔར། སྐྱེ་དངོས་གླིང་ཁུལ་གྱིས་རྒྱལ་ཁབ་ཀྱི5Aམཛེས་ལྗོངས་ཁུལ་འཛུགས་སྐྲུན་གྱི་ཚད་གཞིར་ལྟར། མཉམ་འདྲེས་ཀྱི་སྒོ་ནས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་བྱ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་། མཚོ་བོད་མཐོ་སྒང་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་། ཁུ་ནུ་གཡང་ཊིའི་རིག་གནས་རྟེན་རྫས་བཤམས་མཛོད་ཁང“བཅས་རྟེན་རྫས་བཤམས་མཛོད་ཁང་ཆེན་མོ་བཞིའི་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད། མཛེས་ལྗོངས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ལ་བརྟེན་ནས་རིག་གནས་བརྒྱུད་སྤེལ་བྱེད་པ། རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིག་གནས་བརྗོད་བྱ་མངོན་གསལ་ཡིན་ཞིང་རིག་གནས་ཀྱི་རྒྱུ་རྐྱེན་འཐུས་ཚང་ཡིན་པའི་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་རིག་གནས་གནས་སྐོར་བྱེད་ཡུལ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།  །

གནས་སྐོར་བས་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམ་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

གནས་སྐོར་བས་གཡང་ཊིའི་རིག་གནས་ལ་རྒྱུས་ལོན་བྱེད་བཞིན་པ།

བོད་ཀྱི་གྱོན་ཆས་འགྲེམ་སྟོན་ཁང་།

བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འགྲེམ་སྟོན་ཁང་།

མཚོ་སྔོན་མཚོ་བོད་མཐོ་སྒང་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་།