སེམས་ཀྱི་ཉི་ཟླའི་ན་གཞོན་གླུ་གཞས་འགྲན་བསྡུར་སྐབས་ལྔ་བ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྤྱི་ཟླ་6པའི་ཚེས་10ཉིན།སེམས་ཀྱི་ཉི་ཟླ་སྙན་མོ་ངག་ལ་འགུག་ཞེས་པའི་སེམས་ཀྱི་ཉི་ཟླའི་ན་གཞོན་གླུ་གཞས་འགྲན་བསྡུར་སྐབས་ལྔ་བ་བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཐང་ཆེན་ནས་སྤེལ་ཞིང་། བདེ་ཆེན་དང་ཆབ་མདོ། ཡུལ་ཤུལ། དཀར་མཛེས་སོགས་ནས་ཡོང་བའི་འགྲན་ཞུགས་པ་38ཀྱིས་གར་སྟེགས་གཅིག་ནས་ཛ་དྲག་གི་འགྲན་བསྡུར་སྤེལ་བ་རེད།

       འགྲན་བསྡུར་གྱི་སྐབས་སུ་མྱུ་ཟུར་ཡུལ་གྱི་གདོད་མའི་དམངས་གླུ་ཨ་མའི་དྲིན་ལན་ཞེས་པ་དང་ལི་སུའུ་རིགས་གྱི་གླུ་གཞས་ལི་སུའུ་རན་སྨི་ལོ། འཇང་གླུ་འཇང་གི་བུ་མོ། བོད་གླུ་ཤར་ཕྱོགས་རི་བོའི་རྩེ་ནས་ཞེས་པ་སོགས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་མཐོན་པའི་གླུ་གཞས་རེ་རེས་འགྲན་བསྡུར་དེ་རེ་ཞིག་མཐོ་རླབས་སུ་སྐུལ་བ་རེད།

      ཛ་དྲག་གི་འགྲན་བསྡུར་དེ་ཕལ་ཆེས་ཉིན་གཅིག་ལ་བྱས་པ་བརྒྱུད། མཐར་སྐལ་བཟང་དབང་འདུ་ལ་ད་ལོའི་སེམས་ཀྱི་ཉི་ཟླའི་ན་གཞོན་གླུ་གཞས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་བོ་ཐོབ་ལ། ལི་ཕིང་པིན་དང་ཟླ་བ་སྒྲོལ་མ་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ། དེ་མིན་བློ་བཟང་སྒྲོལ་མ་དང་དཔལ་ལྡན། སངས་རྒྱས་སྒྲོལ་མ་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པ་རེད།