བདེ་ཆེན་དུ་རྒྱ་བྱ་སྐེ་ནག་རྔ་རིང་གིས་བྱེའུ་གསོ་བར་མཐོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་ཚང་རྒྱབ་གྲོང་སྡེ་ཐང་སྟོད་གྲོང་མི་ཚོ་ཆུང་དུ་རྒྱ་བྱ་སྐེ་ནག་རྔ་རིང་གིས་བྱེའུ་གསོ་བ་དང་གཏོར་འཚོལ་བའི་པར་ལེན་ཐུབ་པ་དང་།  ཁྱོན་བསྡོམས་བྱེའུ་13གྱིས་བྱ་མའི་རྗེས་སུ་འབྲངས་ནས་གཏོར་འཚོལ་བ་དང་ཆུ་འཐུང་བའི་པར་ལེན་པ་རེད།

        རྒྱ་བྱ་སྐེ་ནག་རྔ་རིང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཡིན་ལ།  རང་རྒྱལ་གྱི་ཡུན་ནན་དང་ཀོང་ཞི།  ཀུའེ་ཀྲུའུ་བཅས་ས་གནས་གསུམ་དུ་ཁྱབ་ཡོད།  བརྟག་དཔྱད་ཞིབ་འཇུག་བྱས་འབྲས་གསར་ཤོས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོའི་ཁྱུ་ཚོགས་གྲངས་འབོར་ཕལ་ཆེར་3500ནས་4000བར་ཡིན།  སྤྱིར་རྒྱ་བྱ་སྐེ་ནག་རྔ་རིང་གིས་ཚང་རེར་སྒོ་ང་5ནས་9གཏོང་བ་དང་སྒོ་ང་སྙོལ་གྲུབ་བྱུང་ཚད་ཧ་ཅང་དམའ།  ཐེངས་འདིར་རྒྱ་བྱ་སྐེ་ནག་རྔ་རིང་གི་བྱ་མ་གཅིག་གིས་བྱེའུ་13གསོ་བ་དེ་ནི་ཐེངས་དང་པོ་ཡིན་པ་རེད།