པོ་ཏ་མཚོ་ཁའི་མེ་ཏོག་དང་དུས་ཆད་ཐེངས་ཤིག་བྱེད་ན་ཅི་འདྲ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དབྱར་ཟླ་དྲུག་པ་ཚེས་དུས། པོ་ཏ་མཚོ་ཁའི་མེ་ཏོག་རྣམ་པར་བཀྲ། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནི་མཚོ་ངོས་ལས་མཐོ་ཚད་ཅུང་མཐོ་བས་ཡུལ་ལུང་གཞན་པའི་སྟག་མའི་མེ་ཏོག་བཞད་ཚར་རུང་གནས་འདིའི་སྟག་མའི་མེ་ཏོག་ཉིན་འདི་དག་ལ་བཞད་འགོ་བརྩམས་ཤིང་། མེ་ཏོག་གི་དྲི་ངད་མཐོ་སྒང་གི་རང་བྱུང་སྤྱི་གླིང་འདིའི་གྲུ་ག་སོ་སོར་ཁྱབ་ཡོད།

        ད་ལོའི་ལྔ་བའི་རྟ་རྒྱུག་གི་སྐབས་སུ་རྒྱུ་ཆེའི་ཡུལ་སྐོར་བ་རྣམས་ལ་མཐོ་སྒང་གི་མཛེས་ལྗོངས་འདི་རོལ་མྱོང་བྱེད་ཐུབ་པར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་སྟག་མའི་མེ་ཏོག་ལ་དུས་ཆད་ཐེངས་ཤིག་བྱེད་ཅེས་པ་བརྗོད་གཞི་བྱས་པའི་བྱེད་སྒོ་སྤེལ་ཡོད་པ་རེད།

        གཅིག་ནི་ཟླ6པའི་ཚེས་5ཉིན་ནས་ཚེས་9ཉིན་གྱི་བར་དུ།  ཡུལ་སྐོར་བས་སྦྲང་ཚངAPPབརྒྱུད་ནས་ཉིན་ལྟར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་པ་སེ་20འཕྲོག་ཉོ་བྱེད་ཆོག

        གཉིས་ནི་ཟླ་6པའི་ཚེས་7ཉིན་ནས་ཚེས་9ཉིན་གྱི་བར་དུ།  པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནང་པར་རིས་དང་བརྙན་ཐུང་ལེན་ནས་དཔོད་ཕྲན་ཐོག་གི་འབྲེལ་ཡོད་བྱེད་སྒོར་ཞུགས་ན་ལག་རྟགས་ཆུང་ཆུང་ལེན་ཐུབ་རེད། 

        གསུམ་ནི་ཟླ6པའི་ཚེས་5ཉིན་ནས་ཚེས་30ཉིན་གྱི་བར་དུ།  འདར་དབྱངས་APPཐོག་སེམས་ཀྱི་ཉི་ཟླ་པོ་ཏ་མཚོའི་གཞུང་ཕྱོགས་ཨང་རྟགས་དང་འབྲོང་ཕྲུག་ཡུལ་སྐོར་དྲ་བའི་ཨང་རྟགས་ལ་དོ་སྣང་བྱེད་དེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པ་དང་མཛེས་སྡུག་འགྲན་པའི་པོ་ཏ་མཚོ་ཞེས་པའི་གླེང་གཞི་ལ་ཞུགས་པ་དང་།  རང་གི་པོ་ཏ་མཚོ་ལ་བསྟོད་པའི་ཚིག་གཅིག་ཕབ་ནས་གོང་གི་ཨང་རྟགས་གཉིས་ལ་@བྱེད་ན་འགྲན་བསྡུར་དུ་ཞུགས་ཆོག་པ་དང་།  སྙིང་གཟུགས་བསྟེར་བའི་ཨང་རིམ་ལ་གཞིགས་ནས་བྱ་དགའ་གནང་རྒྱུ་ཡིན་ཏེ།  ཨང་དང་པོ་ལ་རིན་གོང་སྒོར་1500ཡི་ཡུལ་སྐོར་མ་དངུལ་གནང་རྒྱུ་རེད།