ཡ་ལ་སོ་རྟ་རྩལ་རུ་ཁག་གི་རྣམ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-06-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དང་ཀྲུང་གོ་ཡུལ་སྐོར་ཚོགས་པའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་ཐོག   རྟ་རྩལ་འཁྲབ་སྟོན་ཁག་གཅིག་གིས་ལྟད་མོ་བ་རྣམས་ལ་སེམས་ཀྱི་ཉི་ཟླའི་རྟའི་རིག་གནས་འགྲེམ་སྟོན་བྱེད་པ་དང་མི་རྣམས་ཀྱི་མིག་དབང་ཡང་ཡང་འཕྲོག་འདུག

        རྟའི་རིག་གནས་ནི་བདེ་ཆེན་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  དུས་རྒྱུན་འཚོ་བའི་ཁྲོད་རྟ་བཞོན་པ་ནས་རྟ་རྩལ་དང་རྟ་ཐོག་འཁྲབ་སྟོན་སོགས་ཀྱི་རྟའི་རིག་གནས་དེ་བདེ་ཆེན་སེམས་ཀྱི་ཉི་ཟླའི་མི་རིགས་ཁྱད་ལྡན་རིག་གནས་ཁྲོད་རྣམ་པ་བཀྲ་འདུག  དུས་རབས་ཀྱི་དར་འཕེལ་དང་བསྟུན་ནས།  རྟའི་རིག་གནས་རིམ་བཞིན་མི་རྣམས་ཀྱི་འཚོ་བ་ནས་ཡལ་བཞིན་ཡོད་པ་དང་དེ་ལ་སྲུང་སྐྱོང་བྱེད་པ་ཧ་ཅང་གལ་འགངས་ཆེན་པོ་འདུག   ཡ་ལ་སོ་དམས་ཁྲོད་རྟ་རྩལ་སྤྲོ་སྐྱིད་ཁང་ནི་རྟའི་རིག་གནས་དེ་དག་སྲུང་སྐྱོང་བྱེད་བཞིན་ཡོད་པའི་རུ་ཁག་ཅིག་རེད།

        ཡ་ལ་སོ་དམངས་ཁྲོད་རྟ་རྩལ་སྤྲོ་སྐྱིད་ཁང་ནི་2009ལོར་བཙུགས་པ་དང་། ཡུན་ནན་ཞིང་ཆེན་གྱི་རིག་རྫས་སྲུང་སྐྱོང་ལས་ཁུངས་དང་བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་གནས་གཞི་ཞིག་ཡིན་ལ། དུས་མཉམ་དུ་དྲེལ་པའི་རིག་གནས་ཀྱི་དངོས་མང་བཤམས་སྟོན་ཁང་བཙུགས་ཡོད།  ཀུང་སིས་རྟ་རྩལ་རུ་ཁག་གིས་རྩལ་འགྲན་དང་འཁྲབ་སྟོན་ལ་བརྟེན་ནས་དྲེལ་པ་དང་རྟ་ཆས་སོགས་ཀྱི་རྟའི་རིག་གནས་དང་ཟུང་འབྲེལ་བྱས་ནས་བདེ་ཆེན་གྱི་རྟའི་རིག་གནས་རྒྱུན་འཛིན་བྱས་པ་རེད།

        སྔོན་མའི་ལོ་འགའི་ལྔ་བའི་རྟ་རྒྱུག་ཁྲོད་ཡ་ལ་སོ་དམངས་ཁྲོད་རྟ་རྩལ་སྤྲོ་སྐྱིད་ཁང་གཙོ་བོར་འགྲན་བསྡུར་དུ་ཞུགས་པ་དང་། ད་ལོར་ཁོ་ཚོས་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་དུ་ཞུགས་པ་རེད།

        ས་གནས་དེ་གའི་ལྔ་བའི་རྟ་རྒྱུག་ཏུ་ཞུགས་པ་མ་ཟད། ཡ་ལ་སོ་དམངས་ཁྲོད་རྟ་རྩལ་སྤྲོ་སྐྱིད་ཁང་གིས་སྔ་རྗེས་སུ་པེ་ཅིང་།  ནང་སོག ཁུན་མིང་།  ཏ་ལི་སོགས་ས་གནས་སུ་རྟ་རྩལ་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་སུ་ཞུགས་ཡོད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་བདེ་ཆེན་གྱི་རྟའི་རིག་གནས་མི་རྣམས་ལ་སྟོན་པ་རེད།