སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

རྩོམ་པ་པོ།   དབྱངས་ཅན་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2019-06-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲྭ་བ།

       ཟླ་6པའི་ཚེས་3ཉིན།སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་སེམས་ཀྱི་ཉི་ཟླར་འཚོགས་པ་རེད།

    ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཡུང་ཁྲུན་དང་། དབྱང་ཧྥེང་ཞི། ཤར་རྩེ་བསྟན་འཛིན་ཆོས་འཕེལ་དང་། ཀུའོ་ཁྲུང་ཞན། ཧོ་ཡུང་ཀྲུང་། ཧྲི་ཁྲུན་མིང་། སྐལ་བཟང་རྣམ་རྒྱལ། ཧོའུ་ཅི་ལིན། ཉི་ཞའོ་ཏུང་། ཡུས་རུང་ཧྭ། ལི་ལེའང་བཅས་ཡིན་པ་རེད།

    ཀུའུ་ཁུན་དང་མེའོ་ཡིའུ་ཧྥ་སོགས་ཁུལ་ཨུའི་འགོ་ཁྲིད་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཏེ། འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

    ཚོགས་འདུ་དེ་ཏུའུ་ཡུང་ཁྲུན་གྱིས་གཙོ་སྐྱོང་གནང་བ།

    ཐེངས་འདིའི་ཚོགས་འདུར་ཨུ་ཡོན་223ཕེབས་དགོས་པ་དང་། ལས་དོན་དང་ནད་ཀྱི་རྐྱེན་པས་དགོངས་པ་ཞུ་མཁན་31ཡོད་པ་དང་།དངོས་སུ་མི་192ཕེབས་པ་དེ་སྲིད་གྲོས་སྒྲིག་ཡིག་གི་གཏན་འབེབས་དང་མཐུན་པ་རེད།

    ཚོགས་འདུའི་ཐོག་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ(འཆར་ཟིན)གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྐབས་བཅུ་གཉིས་པའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་གྲོས་གཞིའི་མིང་ཐོ་དང《འདེམས་བསྐོའི་བྱ་ཐབས(འཆར་ཟིན)གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོ(འཆར་ཟིན)གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཨུ་ཡོན་ཚོས་མིང་མ་བཀོད་པར་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱས་པ་བརྒྱུད་སྐལ་བཟང་རྣམ་རྒྱལ་སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།

ཨུ་ཡོན་རྣམས་ཀྱིས་འདེམས་ཤོག་འཕེན་བཞིན་པ།

     ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་ཕྱེད་ནང་ཁུལ་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འགན་ནུས་ལག་བསྟར་ནན་ཏན་བྱེད་པ། ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ལ་དམིགས་ནས་2019ལོར་ཁུལ་ཡོངས་ཀྱི་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་དམངས་གཙོའི་ལྟ་སྐུལ་བྱེད་སྒོ་སྤེལ་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ནས། ཁུལ་ཡོངས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་གྱི་ཆེད་དོན་བརྟག་ཞིབ་བྱེད་སྒོ་སྤེལ་བ་དང་། ཨུ་ཡོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལ་དམིགས་ཏེ་ཧྲང་ཧའེ་གྲོང་ཁྱེར་མིན་ཧང་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་ཀྱི་ལས་ཁུངས་དང་མཉམ་དུ་2019ལོའི་ཡུན་ནན་དང་ཧྲང་ཧའེ་ཡི་ངལ་ནུས་མཉམ་ལས་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཞབས་ཞུའི་བྱེད་སྒོའི་ཆེད་དོན་གདན་ཞུའི་ཚོགས་འདུ་གཉེར་བ་དང་། ཨུ་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་སྐབས་བཅུ་གཉིས་པའི་ཁུལ་སྲིད་གྲོས་ཀྱི་ཞ་མོན་སློབ་ཆེན་གྱི་ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་པ་གཉེར་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་དམིགས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནགས་ཕག་མཚོའི་འདམ་རའི་སྲུང་སྐྱོང་ལས་དོན་གྱི་གཙོ་གནད་གྲོས་མོལ་བྱེད་སྒོ་སྤེལ་བ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དམིགས་ནས་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ལས་དོན་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་དང་འབྲི་ཆུའི་བཀག་ཆུའི་ཆུ་ལོག་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་གཙོ་གནད་གྲོས་མོལ་བྱེད་སྒོ་སྤེལ་བ་དང་། དུས་རབས་གསར་པའི་བདེ་ཆེན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་སྲིད་གྲོས་ཀྱི་བྱས་རྗེས་གསར་པ་དང་སྲིད་གྲོས་ཀྱི་ལེགས་སྐྱེས་གསར་པ་ཕུལ་ཡོད་པ་རེད།

      ཚོགས་འདུའི་ཐོག་ལོ་སྨད་དུ་རིམ་ཁག་ཨུ་ཡོན་ཚོས་སྐབས་བཅུ་གཉིས་པའི་ཁུལ་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བཏོན་པའི་བཀོད་སྒྲིག་གཞིར་བཟུང་ཁྲིམས་ལྟར་སྒྲིག་སྲོལ་ལྟར་འགན་ནུས་ལག་བསྟར་ནན་པོ་བྱས་ཏེ་སྲིད་གྲོས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། ཆེད་དོན་གྲོས་མོལ་དམངས་གཙོའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་དངོས་སྒྲུབ་ཀྱི་ཐབས་ཇུས་འདིང་བ་དང་། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་ཐོན་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་ལ་དམ་པོར་དམིགས་པ། ལེགས་ཆ་དང་དོགས་གཞི་གཅིག་སྡུད་ཀྱི་མཉམ་ཤུགས་འདོན་སྤེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་བ་དང་སེམས་མཐུན་གྱི་སྒོར་ཐིག་ཆེ་ཤོས་འབྲི་བ་བཅས་བྱས་ཏེ་དུས་རབས་གསར་པའི་གོམ་སྟབས་རེ་རེ་བཞིན་དང་རང་འགུལ་ངང་དུས་རབས་གསར་པའི་ལས་འགན་གསར་པ་དང་འཚམ་པ་བྱས་ཏེ་སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་པ་དང་། “དབུལ་ཕོངས་མི་འབོར་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། སྲིད་གྲོས་ཨུ་ཡོན་གྱིས་མ་དངུལ་ཞལ་འདེབས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། ལས་རིགས་བཅས་ཀྱི་ཨུ་ཡོན་གཞི་རིམ་དུ་བསྐྱོད་”ཅེས་པའི་བྱེད་སྒོ་ཁག་གསུམ་ཏན་ཏིག་དང་ཕན་ནུས་ལྡན་པའི་སྒོ་ནས་སྤེལ་བ། ལས་ཞུགས་དབུལ་སྐྱོར་དང་། སློབ་གསོ་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་དགོས།

      ཚོགས་འདུའི་ཐོག་ཨུ་ཡོན་ཚོས་ལས་ཀའི་ཁྲོད་ཀྲུང་དབྱང་དང་། ཞིང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་དང་འགན་འཁྲི་གཙང་སྒྲུབ་ཀྱིས་འབྱུང་འགྱུར་གཏོད་པ། དུས་རབས་གསར་པའི་བདེ་ཆེན་གྱི་སྒྱུར་བཅོས་དང་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་འབོད་སྐུལ་གནང་བ་རེད།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཐད་སྐུལ་སློང་བཀོད་སྒྲིག་བྱས་པ་རེད། སྲིད་གྲོས་ཨུ་ཡོན་དང་ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པས་ཡུལ་དངོས་སུ་ཞལ་འདེབས་སློབ་སྐྱོར་བྱེད་སྒོ་སྤེལ་བ་རེད།

ཨུ་ཡོན་རྣམས་ཀྱིས་དབུལ་སྐྱོར་ལ་ཞལ་འདེབས་རྒྱག་པ།