འཇོལ་རྫོང་ནས་ཁ་བ་དཀར་པོའི་གནས་མཆོད་བྱེད་སྒོ་ཞིག་བསྡུས་པ།

རྩོམ་པ་པོ།   ཝང་ཅིན་ཕིང་།  ཡིག་བསྒྱུར།       དུས་ཚོད།   2019-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་5པའི་ཚེས་30ཉིན་གྱི་སྔ་དྲོར། འཇོལ་རྫོང་གི་ཇོ་བོ་ནམ་མཁའ་བཀྲ་ཤིས་དགོན་གྱི་ལྗོངས་བལྟ་སྟེགས་བུའི་མདུན་ནས2019ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་ཕྲེང་བསྟར་བྱེད་སྒོ་ལས་འཇོལ་རྫོང་གི་ཁ་བ་དཀར་པོའི་གནས་མཆོད་བྱེད་སྒོ་ཐེངས་ལྔ་བ་བསྡུས་པ་དང་།   འཇོལ་རྫོང་གི་ཤང་དང་གྲོང་རྡལ་ཁག་སོ་སོ་ནས་ཡོང་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་།  དམངས་ཁྲོད་སྒྱུ་རྩལ་པ་སོགས་གཞི་གཅིག་ཏུ་འཛོམས་ནས་གླུ་ལེན་གར་རྩེད་བྱས་ཏེ་བོད་མི་རིགས་ཀྱི་མཆོད་འབུལ་གོམས་སྲོལ་གང་ལེགས་ཀྱིས་ཚུར་སྣང་བྱས་ནས་ཕུལ་བྱུང་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད་པ་རེད།  

         ཐེངས་འདིའི་ཁ་བ་དཀར་པོའི་གནས་མཆོད་བྱེད་སྒོའི་ནང་འགོ་ཚུགས་མཛད་སྒོ་དང་། མཆོད་རྫས་བཟོ་བ།   མཆོད་འབུལ་ཞུ་སའི་སྟེགས་བུ་བསྐྲུན་པ།  མཆོད་རྫས་བཤམས་པ།  ཆོས་འདོན་པ།   དགྲ་ལྷ་བཀྱག་པ།  སྐོར་བྲོ་འཁྲབ་པ། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་པའི་འཇོལ་གཞས་འཆམ་པ་སོགས་འདུས་ཡོད།  


ཁ་བ་དཀར་པོ།

འབྲེལ་ཡོད་འགན་འཁུར་མི་སྣས་ཤིས་ཚིག་ཕུལ་བཞིན་པ།

བྱེད་སྒོའི་ཡུལ་དངོས།

རྦད་བཤད།

དུང་འབུད་པ།


གནས་བསྟོད་བྱེད་བཞིན་པ།

འཇོལ་གཞས་འཆམ་བཞིན་པ།

མཆོད་རྫས་བཤམས་པ

རྒྱ་ཆེའི་ལྟད་མོ་བ།