བདེ་ཆེན་ཁུལ་ཡོངས་ཀྱི་སྡོམ་རྩིས་ལས་ཀའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲྭ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།   ཟླ་5པའི་ཚེས་17ཉིན།བདེ་ཆེན་ཁུལ་སྡོམས་རྩིས་ལས་ཀའི་གྲོས་ཚོགས་སྒྲིག་འཛུགས་བྱས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་མི་དམངས་སྲིད་གཞུང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ལས་ཀ་དང་ཁུལ་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་བསྡོམས་བྱས་ནས། 2018ལོའི་བསྡོམས་རྩིས་ལས་ཀར་ཕྱིར་མིག་བལྟ་བ་དང་། མིག་སྔའི་ཁུལ་ཡོངས་ཀྱི་བསྡོམས་རྩིས་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས།

ཚོགས་འདུའི་ཐོག    ཁུལ་བསྡོམས་རྩིས་ཅུས་ཀྱི་ཏང་འཛུགས་ཧྲུའུ་ཅི་དང་། ཅུས་ཀྲང་ལི་ཧུང་ཡིང་གིས《ཕུགས་བསམ་དང་ཡིད་ཆེས་བརྟན་པོའི་ངང་གསར་གཏོད་ཀྱི་ལས་ཀའི་བསམ་ཕྱོགས་འགྱུར་མེད་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་བྱས་རྗེས་གསར་པ་འཇོག་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་། ཚོགས་འདུའི་ཐོག      རྙོག་འཛིང་ཛ་དྲག་ཆེ་བའི་ཕྱིའི་དཔལ་འབྱོར་གནས་བབ་ལ་དམིགས་ཏེ་ཁུལ་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རིམ་པ་ཁག་ལག་ལེན་གཏིང་ཟབ་དང་།ཀྲུང་དབྱང་དང་།   ཞིང་ཆེན།  རང་སྐྱོང་ཁུལ། རྫོང་(གྲོང་ཁྱེར)་བཅས་ཀྱི་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། འགན་ནུས་ཆེན་པོ་གསུམ་དང་གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་གནས་སུ་བཟུང་ནས།བསྡོམས་རྩིས་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ་དང་།བསྡོམས་རྩིས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཁོང་དུ་ཆུད་པ་བྱས་ཐོག    སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་ཡང་དག་གཅོད་པ་དང་།དུས་ཐོག་ཕྱོགས་ཡོངས་བཅས་ཀྱི་བསྡོམས་རྩིས་ཆ་འཕྲིན་གྱི་འགན་སྲུང་མཁོ་འདོན་བྱས་པ་རེད།

ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱི་རྒྱལ་ཡོངས་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་སྔོན་ཐོན་ཚན་པ་དང་ཕུལ་བྱུང་རྩ་འཛུགས་ཚན་པ།སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱས་ནས་བདེ་ཆེན་ཁུལ་གྱི2018ལོའི་བསྡོམས་རྩིས་ལས་ཀའི་དམིགས་ཚད་འགན་འཁྲི་དོན་འཁྱོལ་བྱས་པར་མ་ཟད།2019ལོའི་བསྡོམས་རྩིས་ལས་ཀའི་དམིགས་ཚད་འགན་འཁྲིའི་གྲངས་ཚད་འགྱུར་བའི་དཔྱད་ཞིབ་འགན་ཡིག་ཀྱང་བཞག་ཡོད་པ་རེད།