བདེ་ཆེན་ཁུལ་གྱིས་ནག་ཚོགས་གཙང་སེལ་ལ་ཁུག་ཀྱོག་མི་འཇོག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བ་བོད་ཡིག་དྲྭ་བ།

      ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་འཐབ་རྩོད་སྤེལ་བ་ནས་བཟུང་བདེ་ཆེན་ཁུལ་གྱིས་དངོས་གནས་ཀྱིས་བསམ་བློའི་ངོས་འཛིན་མཐོར་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེར་གཏོང་བ།  ཆབ་སྲིད་ཀྱི་འགན་འཁྲི་དོན་དུ་འཁྱོལ་བ།  དཀའ་སྤྱད་སྡུག་རུས་ལ་མི་སྐྲག་པའི་དཔའ་ངར་གྱིས་ཐད་ཀར་གཞི་རིམ་དུ་འབྱོར་བ་དང་ཐད་ཀར་གནད་དོན་ལ་ཁ་གཏད་པ།  ཐད་ཀར་མང་ཚོགས་སུ་ཞུགས་པ།  འབངས་ཀྱིས་སྙན་ཞུ་ཆེས་དྲག་པ་དང་གཏིང་ནས་འཁོན་འཛིན་བྱེད་པའི་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་བྱས་ཉེས་ལ་དམིགས་ནས།  ཁུག་ཀྱོག་མི་འཇོག་པ་དང་ནུས་ལྡན་གྱིས་བརྡུང་རྡེག་བྱས་པ་རེད།

མིག་སྔའི་བར་དུ།  ཁུངས་སྣེ་600ལྷག་རྩད་གཅོད་བྱས་པ་དང་།  སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་དང་འབྲེལ་བའི་གྱོད་གཞི་ཕལ་ཆེར་70མྱུལ་ཞིབ་བྱས་པ།  དོགས་ཡོད་ཉེས་ཅན་པ་100ལྷག་ཉེས་དོན་བཀག་ཉར་བྱས་ཡོད།  དུས་མཚུངས་སུ་རྒྱབ་ཀྱི་སྲུང་གདུགས་ལ་ཟབ་བཤེར་མཐར་ཕྱིན་བྱས་ཏེ། མི་10ལྷག་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ནས་མི་ཚང་མས་ནག་ཚོགས་སྟོབས་ཤུགས་ལ་བརྡུང་རྡེག་བྱེད་པའི་སྣང་ཚུལ་ཆགས་པ་རེད།

ཤེས་རྟོགས་བྱུང་དོན།  བདེ་ཆེན་ཁུལ་གྱིས་བོད་ཡུལ་གྱི་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་ཏན་ཏིག་ཏུ་འཁུར་བ་དང་།  ནག་ཚོགས་གཙང་སེལ་དང་བོད་ཁུལ་ཡུན་རིང་བདེ་འགོད་འཛུགས་སྐྲུན་སྲུང་སྐྱོང་ཟུང་འབྲེལ་དམ་ཟབ་བྱས་ནས།   གྲོང་གསུམ་བདུན་ཞུགས་དང་བྱ་འགུལ་གཅིག་ཞེས་པའི་ལས་གཞི་ལག་ལེན་ཟབ་ཏུ་གཏོང་བ་དང་སྔར་ལས་ལྷག་པར་ཡུན་རིང་བདེ་འགོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསམ་འཆར་ཞེས་པ་སོགས་ཀྱི་སྲིད་ཇུས་འདོན་པ།   དྲིལ་བསྒྲགས་སློབ་གསོ་འཁྲིད་སྟོན་དང་འགལ་བ་དང་རྩོད་གླེང་གྲལ་བཤེར་སེལ་བ།  མཐའ་མཚམས་མཉམ་ལས་མཉམ་སྐྱོང་སོགས་ཀྱི་ཡུན་ཕན་ལམ་སྲོལ་དགུ་འཚོལ་ཞིབ་དང་གསར་འཛུགས་བྱེད་པ།  རྒྱུན་མི་ཆད་པར་འཆམ་མཐུན་བརྟན་བརླིང་གི་རྣམ་པ་ཡག་པོ་སྲ་བརྟན་དུ་གཏོང་བ་དང་།  བློ་ཐག་རྦད་ཆོད་ཀྱིས་ཡུན་རིང་བདེ་འགོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

བདེ་ཆེན་ཁུལ་གྱིས་ནག་ཚོགས་གཙང་སེལ་དང་མེ་མདའ་དང་འབར་གས་གཙང་བཅོས་ཟུང་འབྲེལ་བྱས་པ་དང་།  ཁ་བྲལ་ལ་ངོ་རྒོལདང་སིམ་ལྡོག་འཐབ་རྩོད་དང་ཟུང་འབྲེལ་བྱས་ཏེ།  སྔ་རྗེས་སུ་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ཀྱི་དྲིལ་བསྒྲགས་ཕལ་ཆེར་ཐེངས་3000བྱས་པ་དང་སྤྱི་བསྒྲགས་5000ལྷག་སྦྱར་བ།  ཡོངས་བསྒྲགས་འཕྲིན་ཡིག་2000ལྷག་བཏང་བ།  དུས་མཚུངས་སུ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ་ལ་ཤུགས་རྒྱག་སྟེ།  ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་ནས་ཀྲི་པུའུ་ཡི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་སློབ་སྦྱོང་ཐེངས་སྟོང་ལྷག་བྱས་ནས་ཏང་ཡོན་དང་མང་ཚོགས་ཡོངས་ལ་ཁྱབ་པར་མངོན་འགྱུར་བྱུང་བ་རེད།

བདེ་ཆེན་ཁུལ་གྱིས་བོད་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དེ་ནག་ཚོགས་སྟོབས་ཤུགས་གཙང་སེལ་བྱེད་པའི་རྩ་བཅོས་ཐབས་ཇུས་དང་གནད་འགག་གི་བྱ་ཐབས་སུ་བྱས་པ་དང་།  བདེ་ཆེན་ཁུལ་ཏང་ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་སྐྲུན་གྱི་ཚད་ལོན་གསར་འཛུགས་ལག་བསྟར་ཇུས་གཞི་ཞེས་པའི་བླང་བྱ་ལ་གཞིགས་ནས།  2018ལོར་30%ལས་མི་དམའ་བ་དང་། 2019ལོར་40%ལས་མི་དམའ་བ། 2020ལོར་30%ལས་མི་དམའ་བའི་སྡུར་ཚད་ལྟར། ནུས་ཤུགས་ཡོད་རྒུས་ཏང་ཀྲི་པུའུ་ཡི་ཚད་གཞི་ལོན་པའི་གསར་གཏོད་ལས་དོན་ལ་སྐུལ་འདེད་བཏང་ཡོད། ནག་ཚོགས་ཀྱི་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་བཏང་ནས་ཕན་འབྲས་དངོས་ལོན་ཡོད།          (ཚེ་རིང་སྒྲོལ་མས་བསྒྱུར།)