རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-30   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ་དང་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་68འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་ཟླ་5ཚེས་21དང་ཚེས་22ཉིན《དུས་རབས་20པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ཞེས་པའི་དཔེ་དེབ་གསར་པའི་ཡོངས་བསྒྲགས་ཚོགས་འདུ་དང་། 《བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ》ཞེས་པའི་རིམ་སྤེལ་དཔེ་དེབ་ཡོངས་བསྒྲགས་ཚོགས་འདུ་དང་བོད་དང་འབྲེལ་བའི་དཔེ་དེབ་པར་སྐྲུན་དང་འགྲེམས་སྤེལ་གྱི་སྤེལ་རེས་ཚོགས་འདུ་འཚོགས།
ངོ་སྤྲོད་ལྟར་ན། 《དུས་རབས་20པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ཀྱི་རྩོམ་པ་པོ་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་རི་མོ་མཁས་ཅན་ཚེ་དབང་བཀྲ་ཤིས་ཡིན་ཞིང་། དེབ་ཧྲིལ་པོ་ཁྱོན་ལེའུ་དྲུག་ལ་དབྱེ་ཡོད་པ་དང་། ནང་དོན་དེ་རི་མོ་དང་། འཇིམ་བརྐོས། ཨར་སྐྲུན། བཟོ་རྩལ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་ལ་རྩོམ་པ་པོས་ལྷ་ས་དང་། གཞིས་རྩེ། ཆབ་མདོ། ལྷོ་ཁ་སོགས་ས་ཁུལ་གྱི་གྲོང་གསེབ་ཏུ་བརྟག་ཞིབ་ལ་བསྐྱོད་པའི་རྒྱུ་ཆ་འབོར་ཆེན་དང་དེ་བཞིན་རིན་ཐང་ཆེ་བའི་ངག་རྒྱུན་དང་། ཡི་གེ པར་རིས་བཅས་ཀྱི་དཔྱད་གཞི་མང་དག་ཅིག་བསྡུ་རུབ་བྱས་པའི་ནང་དཔྱད་གཞི་མི་ཉུང་བ་ཞིག་ནི་ཐོག་མར་ཤེས་རྟོགས་དང་བེད་སྤྱོད་བྱས་པ་ཞིག་རེད།