འབྲུག་ཆུ་རྫོང་གིས་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-30   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ

     ཉེ་བའི་ལོ་འགའི་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་དམིགས་འབེན་ལ་དམ་པོར་བཟུང་སྟེ། ཤུགས་ཆེན་པོས་འགྲིམ་འགྲུལ་དབུལ་སྐྱོར་མཁྲེགས་གཏོར་ལས་གྲྭ་ལག་བསྟར་བྱས་པ་དང་། ལས་གཞིའི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་དབུལ་ཕོངས་སྡེ་བའི་གྲོང་གསེབ་གཞུང་ལམ་གྱི་ཆ་རྐྱེན་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་། 

འགོ་ཁྲིད་རྩ་འཛུགས་ལ་ཤུགས་བསྣན་པ། ལས་གཞིའི་རྫོང་རིམ་པའི་འགོ་ཁྲིད་ཀྱིས་འགན་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། ལས་གཞིའི་འགན་འཁྲིའི་གསལ་ཐོ་བཟོས་ནས་འཛུགས་སྐྲུན་གྱི་ལས་འགན་དང་དུས་བཅད་གསལ་བོ་བྱས་པ་དང་། ས་ཁུལ་སོ་སོ་ལ་འགན་ཁུར་བ་དང་སྤུས་ཚད་བདེ་འཇགས་ལྟ་སྐུལ་མི་སྣ་གཏན་ཁེལ་བྱས་ཤིང་། ས་ཁུལ་བར་དུ་དུས་ངེས་མེད་དུ་ཕན་ཚུན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ལས་གཞི་ཁག་ལ་འགན་འཁྲིའི་འགོ་ཁྲིད་ཡོད་པ་དང་། ལག་རྩལ་གྱི་མཛུབ་ཁྲིད་ཡོད་པ། སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་ཡོད་པ། བདེ་འཇགས་ཀྱི་འགན་ལེན་ཡོད་པ་མངོན་འགྱུར་བྱུང་། ཉེ་བའི་ལོ་གསུམ་གྱི་ནང་དུ་རིམ་བསགས་ཀྱིས་བརྩིས་ན་སྲིད་འཛིན་སྡེ་བའི་གཞུང་ལམ་སྤྱི་ལེ187.98མཁྲེགས་བཟོ་བྱས་པ་དང་། རང་བྱུང་སྡེ་བའི་གཞུང་ལམ་སྤྱི་ལེ164མཁྲེགས་བཟོ་བྱས་པ། “མཛེས་སྡུག་ལྡན་པའི་སྟོང་སྡེའི”དཔེ་སྟོན་སྡེ་བའི་གཞུང་ལམ་སྤྱི་ལེ23.53དང་ཟམ་པ3འཛུགས་སྐྲུན་བྱས། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ། སྲིད་འཛིན་སྡེ་བ་ལ་ཨར་འདམ་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད99.5%ཡིན་པ་དང་། འགྲིམ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་ཚད 100%ལ་བསླེབས་པ། རང་བྱུང་སྡེ་བའི་གཞུང་ལམ་ཤར་གཏོང་ཐུབ་ཚད100%ལ་བསླེབས། དབུལ་ཕོངས་སྡེ་བའི་ཁྱིམ་ཚང30ཡན་གྱི་རང་བྱུང་སྡེ་བ་ལ་ཨར་འདམ་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད100%ལ་བསླེབས།

གཞུང་ལམ་གྱི་བདག་སྐྱོང་དོ་དམ་ལ་ཤུགས་བསྣན་པ། ཉེ་བའི་ལོ་གསུམ་གྱི་ནང་དུ་རིམ་བསགས་ཀྱིས་བརྩིས་ན་ཤར་གཏོང་ལེགས་པོ་མི་ཐུབ་པའི་གཞུང་ལམ་སྤྱི་ལེ43.4སྒྲིག་བཅོས་བྱས་པ་དང་། ཤང་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ22.1རིམ་སྤར་བསྒྱུར་བཀོད་བྱས་པ། རྫོང་རིམ་པའི་གཞུང་ལམ་སྤྱི་ལེ11.8བསྐྱར་བཟོ་བྱས་པ། དབུལ་སྐྱོར་གཞུང་ལམ་སྤྱི་ལེ8.4འཛུགས་སྐྲུན་བྱས། སྡེ་བ་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ6.5ཞིག་གསོ་བྱས། 2018ལོར་གྲོང་གསེབ་གཞུང་ལམ་བདག་སྐྱོང་ཞིག་གསོའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི900བཏང་སྟེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ19ཡི་གཏོར་སྐྱོན་ཕོག་པའི་གཞུང་ལམ15ཕྱོགས་ཡོངས་ནས་བདག་སྐྱོང་དང་ཞིག་གསོ་བྱས། 

མིག་སྔའི་བར་དུ། རྫོང་ཡོངས་ལ་གཞུང་ལམ1ཡོད་ལ། དེ་ལ་སྤྱི་ལེ79.342ཡོད་པ། རྫོང་རིམ་པའི་གཞུང་ལམ8ཡོད་ལ། དེ་ལ་སྤྱི་ལེ290.256ཡོད་པ། ཤང་རིམ་པའི་གཞུང་ལམ9ཡོད་ལ། དེ་ལ་སྤྱི་ལེ98.47ཡོད་པ། སྲིད་འཛིན་སྡེ་བའི་གཞུང་ལམ139ཡོད་ལ། དེ་ལ་སྤྱི་ལེ662.02ཡོད་པ། རང་བྱུང་སྡེ་བའི་གཞུང་ལམ139ཡོད་ལ། དེ་ལ་སྤྱི་ལེ346.195ཡོད་པ། ཟམ་པ56ཡོད་པ་དང་། རིང་ཚད་ལ་སྨི1752.9ཡོད། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ19ཡི་སྲིད་འཛིན་སྡེ་བ208ཡོད་པ་ཚང་མ་ལ་གཞུང་ལམ་ཤར་གཏོང་ཐུབ།