ཡུན་བོད་ཁྲོན་གསུམ་གྱི་ཚོང་ར་ཆེན་པོ་ཞིག་བདེ་ཆེན་ནས་བཤམས་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་5ཚེས་31ཉིན་ནས་ཟླ་6ཚེས་1ཉིན་བར། ཞིང་ལས་གྲོང་གསེབ་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཤིང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོ་ཞིང་ལས་ཐོན་རྫས་ཁྲོམ་ར་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་འགན་ཁུར་བའི་2019ལོའི་ཞིང་ཆེན་གསུམ་གྱི་བོད་རིགས་ས་ཁུལ་གསུམ་གྱི་དབུལ་པོའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་རེད།

        བྱེད་སྒོ་དེ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཐང་ཆེན་དུ་སྤེལ་རྒྱུ་དང་།འགྲེམས་སྟོན་འགྲེམས་ཁུལ་དང་ངོ་འཕྲད་གྲོས་མོལ་ཡང་བྱེད་རྒྱུ་རེད།འགྲེམས་སྟོན་ཁུལ་དུ་འགྲེམས་གནས་200དང་། ཡུན་ནན་ཞིང་ཆེན་གྱི་འགྲེམས་གནས་100སི་ཁྲོན་ཞིང་ཆེན་དང་བོད་ལྗོངས་ཀྱི་འགྲེམས་གནས་50བཅས་ཡོད་པ་རེད།

ཐེངས་འདིའི་བྱེད་སྒོ་ལ་ཉིན་གཉིས་ཀྱི་དུས་ཚོད་མ་གཏོགས་མེད་མོད།འོན་ཀྱང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་གཤམ་ལྟར།

1、ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་དབུལ་ཕོངས་ས་ཁུལ་གྱི་འགྲེམས་སྟོན་སྦྲེལ་མཐུད་བྱེད་སྒོར་ཞུགས་རྒྱུའི་སྒྲིག་འཛུགས་བྱེད་རྒྱུ།

2、དབུལ་ཕོངས་ས་ཁུལ་གྱི་ཁེ་ལས་དང་ཞིང་ལས་ཐོན་རྫས།སྡེབ་ཚོང་ཁང་ཆེ་གྲས་དང་།སྒོ་རྩིས་ཚོང་ཁང་།ཉོ་སྒྲུབ་ཚོང་པ་བཅས་སྒྲིག་འཛུགས་བྱས་ནས་ཞིང་ལས་དང་ཚོང་ཁང་སྦྲེལ་མཐུད།ཞིང་ལས་དང་ཚོང་ལས་སྦྲེལ་མཐུད་བྱེད་པའི་བྱེད་སྒོ་སྤེལ་རྒྱུ།

3、དབུལ་ཕོངས་ས་ཁུལ་གྱི་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་བྱེད་སྒོ་འོས་སྦྱོར་བྱེད་རྒྱུ།

4、ཉོ་སྒྲུབ་ཀྱིས་ཚབ་སྒྲུབ་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱེད་རྒྱུ།

5、ཁ་གཏད་རོགས་སྐྱོར་དང་།རོགས་ལས་ས་ཁུལ་དངོས་སུ་རྟོག་ཞིབ་བཅས་བྱ་རྒྱུའི་སྒྲིག་འཛུགས་བྱ་རྒྱུ་བཅས་ཡོད།