རྒན་ཐོགས་མེད་ཀྱི་ཞང་ཞུང་རིག་གནས་སྐོར་གྱི་འཆད་ཁྲིད། (༥ )

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-29   རྩོམ་ཁུངས།   


        སློབ་དཔོན་ཆེན་མོ་ཤར་པ་ཐོགས་མེད་ལགས་ནི་སི་ཁྲོན་རྔ་བ་བོད་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་དུ་འཁྲུངས་ཤིང་།ཆུང་བྱིས་པའི་དུས་ནས་རྣམ་རིག་བཀྲ་བས་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན་རྒྱུའི་སྐལ་བ་ཐོབ་སྟེ།རིམ་བཞིན་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། པེ་ཅིན་སློབ་གྲྭ་ཆེན་མོ།སི་ཁྲོན་སློབ་གྲྭ་ཆེན་མོ་སོགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས།བཅུ་ཕྲག་རིག་པའི་གནས་ཀུན་དང་ལྷག་པར་དུ་ཞང་ཞུང་རིག་གནས་དང་བོན་ཆོས་རིག་གནས་སྐོར་ལ་འབད་འབུངས་ཚད་མེད་གནང་མཐར་མཚན་ཉིད་རིག་པའི་འབུམ་རམས་པའི་གོ་གནས་ཐོབ་ནས་ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད། ཁོང་གིས་ཁམས་པའི་བརྙན་འཕྲིན་ཁང་གི་འཆད་ཁྲིད་སྒྲོན་མེ་ཞེས་པའི་ལེ་ཚན་ནང་ཞང་ཞུང་རིག་གནས་སྐོར་གྱི་འཆད་ཁྲིད་ལེའུ་དགུ་གནང་བ་དང་། དེ་རིང་འདིར་ལེའུ་ལྔ་བ་སྟེ་གསེར་ཞལ་བཀོད་པའི་དགོས་པ་གང་གི་ཆེད་དང་དེའི་བསྒྲུབ་བྱེད་ཀྱི་ཁུང་ལུངས་བསྟན་པ་ཞེས་པ་ལྷན་རྒྱས་ལ་འབུལ་རྒྱུ་ཡིན།

(བརྙན་འདི་ནི་ཁམས་པའི་བརྙན་འཕྲིན་ཁང་ནས་ཡོང་།)