ལྔ་བའི་རྟ་རྒྱུག་གི་སྔ་གཞུག་ལ་བདེ་ཆེན་ནས་རིག་གནས་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་་དྲྭ་བ།

   

        ཟླ་5བའི་ཚེས་15ཉིན།ཀྲུང་གུང་སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་སེམས་ཀྱི་ཉི་ཟླ་མི་དམངས་སྲིད་གཞུང་། ཀྲུང་གོ་ཡུལ་སྐོར་མཐུན་ཚོགས་བཅས་མཉམ་འབྲེལ་བྱས་ནས་ཁུན་མིང་ཧེ་ཀེང་ཚོགས་ཆེན་ཁང་ནས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་།ཟླ་6པའི་ཚེས་7ཉིན་ནས་ཚེས་20བར་2019ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་དང་ཀྲུང་གོ་ཡུལ་སྐོར་མཐུན་ཚོགས་ཀྱི་སྐབས་དང་བོའི་ལོ་ཟླས་ཕུལ་བའི་ལེགས་སྐྱེས་ཞེས་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་རྒྱུ་ཡིན་པ་རེད།     འཇོལ་རྫོང་ཁ་བ་དཀར་པོའི་མཆོད་འབུལ་ཉིན་མོ་དེ་ལོ་རེའི་སྤྱི་ཟླ་5བའི་ཚེས་30ཉིན་ཏེ།

     པན་ཆེན་སྐུ་འཕྲེང་བཅུ་གཅིག་པ་འཇོལ་རྗོང་ཁ་བ་དཀར་པོར་མཆོད་འབུལ་དུ་ཕེབས་པའི་ཉིན་མོ་དེར་གཏན་ཁེལ་བྱས་ཡོད་པ་རེད།2019ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་རིག་གནས་ཉིན་མོར་ཐོན་ཉེ་བའི་སྐབས་འདིར།འཇོལ་རྫོང་ནས་སྐབས་ལྔ་བའི་ཁ་བ་དཀར་པོའི་མཆོད་འབུལ་ཉིན་མོ་དང་ཇ་རྟའི་གནའ་ལམ་གྱིས་གྲུབ་འབྲས་འགྲེམ་སྟོན།རིག་དངོས་སྲུང་སྐྱོབ་ལས་ཁུངས་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ཅན་གྱི་ཡིག་ཆ་དང་རིག་དངོས་བཤམ་སྟོན།སྐབས་དང་བོའི་ཁ་བ་དཀར་པོའི་པི་ཝང་སྐར་ཆེན་གྱི་འདེམས་ཐོན་འགྲན་བསྡུར། གནའ་མའི་ལམ་བུར་སྙེག་པ་སྟེ་ཇ་རྟའི་རིག་གནས་འཚོལ་རྟོག་བྱེད་པ་སོགས་བརྫོད་གཞི་བྱས་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རྒྱུ་ཡིན་པ་རེད།     ལོ་གཅིག་ལྷག་ལ་གྲ་སྒྲིག་ནན་མོ་བྱས་པའི་འཇོལ་རྫོང་ཁ་བ་དཀར་པོའི་ཚད་མཐོའི་ཐེག་ཤུགས་འགྲན་སྡུར་སྐབས་ལྔ་བ་སྤྱི་ཟླ་5བའི་ཚེས་31ཉིན་དགོན་པ་སྟེང་ལྗོངས་གཟིགས་སྟེགས་བུ་ནས་འགོ་རྩོམ་རྒྱུ་ཡིན་ལ།འཛམ་གླིང་གི་དཔོང་ཕྱིའི་འགྲན་བསྡུར་ལ་དགའ་མོས་ཡོད་པའི་མི་རྣམས་ལ་རིག་གནས་དང་ལུས་རྩལ།ཡུལ་སྐོར་བཅས་འདྲེས་འདུས་ཀྱི་རྒྱས་སྟོན་ཞིག་ལ་རོལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།  ལོ་གཅིག་ལྷག་ལ་གྲ་སྒྲིག་ནན་མོ་བྱས་པའི་འཇོལ་རྫོང་ཁ་བ་དཀར་པོའི་ཚད་མཐོའི་ཐེག་ཤུགས་འགྲན་སྡུར་སྐབས་ལྔ་བ་སྤྱི་ཟླ་5བའི་ཚེས་31ཉིན་དགོན་པ་སྟེང་ལྗོངས་གཟིགས་སྟེགས་བུ་ནས་འགོ་རྩོམ་རྒྱུ་ཡིན་ལ།འཛམ་གླིང་གི་དཔོང་ཕྱིའི་འགྲན་བསྡུར་ལ་དགའ་མོས་ཡོད་པའི་མི་རྣམས་ལ་རིག་གནས་དང་ལུས་རྩལ།ཡུལ་སྐོར་བཅས་འདྲེས་འདུས་ཀྱི་རྒྱས་སྟོན་ཞིག་ལ་རོལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།