དཀར་མཛེས་ཁུལ་གྱི་ཐང་ག་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-24   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        སྤྱི་ཟླ5པའི་ཚེས20ཉིན། དུས་ཡུན་ཉིན5ཡི་རིང་གི་ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་ཉོ་ཚོང་ཚོགས་འདུ་སྐབས་བཅོ་ལྔ་པ་མཇུག་འགྲིལ་བ་རེད། དཀར་མཛེས་ཁུལ་གྱི་ཐང་ག《ཤཱཀྱ་མུ་ནེ་དང་གྲུབ་ཐོབ་གྱ་བཞི》ཞེས་པར“ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་བྱ་དགའ”ཡི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སྟེང་དཀརམཛེས་ཁུལ་གྱི་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པའི་འགྲན་བསྡུར་ནང་ཞུགས་པའི་བཟོ་རྩལ་ཐོན་རྫས11ལ་བྱ་དགའ་ཐོབ་ཡོད་ཅིང་། འགྲེམ་སྟོན་ཐང་ག《ཤཱཀྱ་མུ་ནེ་དང་གྲུབ་ཐོབ་གྱ་བཞི》ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་། ཐང་ག《གུ་རུ་དྲག་པོ》དང《སྔོན་ལ་ཕྱི》ཞེས་པའི་དོ་ཤལ་ཟངས་བརྐོས་མ། དངུལ་ཆས《བོད་ལུགས་པད་མའི་དངུལ་ལྟིར་གསེར་བྱུག་མ》དང་རྫ་ཐང《རྒྱན་དྲུག་མཆོག་གཉིས་ལས་འཕགས་པ་ཕྱོགས་གླང》ཞེས་པར་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་གྱི་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་། དེ་མིན་བཤམ་རྫས6ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་པ་རེད། གཞན་ཡང་དཀར་མཛེས་ཁུལ་གྱི་འགྲེམ་ཁང་གི་འགྲེམ་ཞུགས་ཚོང་པ་གཞན་དག་ལ་སྐབས་འདིའི་རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་ཡོད་པ་རེད།