ཡུན་བོད་ཁྲོན་གསུམ་གྱི་རྫོང་བཞིའི་ཁྲལ་དོན་ཅུས་ཡིས་མཉམ་ལས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། ཡུན་ནན་ཞིང་ཆེན་འཇོལ་རྫོང་ཁྲལ་དོན་ཅུས་ཡིས་ཁྱིམ་མཚེས་སུ་ཁྲོན་སྡེ་རོང་རྫོང་ཁྲལ་དོན་ཅུས་དང་འབའ་ཐང་རྫོང་ཁྲལ་དོན་ཅུས། བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་ཁྲལ་དོན་ཅུས་བཅས་ཀྱིས་འཇོལ་རྫོང་ནས་ཏང་འཛུགས་སྣེ་སྟོན། བདེ་འཇགས་བོད་ཁུལ། ཁྲལ་བསྡུ་བོད་དར་ཞེས་པའི་མཉམ་གཏོད་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་པ་རེད།

       ཐེངས་འདིའི་བྱེད་སྒོར་ཏང་གི་ཉིན་མོར་ཏང་གི་རང་བཞིན་གླེང་བ་དང་བགྲོ་གླེང་བྱས་ནས་ཉམས་མྱོང་བརྗེ་རེས་བྱེད་པ། གྲོས་འཆམ་བཞག་ནས་མཉམ་འབྲེལ་བྱེད་པ། ཤེས་རིག་འགྲན་བསྡུར་བྱས་ནས་བློ་རིག་འགྲན་པ། ཁེ་ལས་ནང་སོང་ནས་ཕན་འབྲས་ལ་རྒྱུས་ལོན་བྱེད་པ། ཁྲལ་སྤྲོད་ཁེ་ལས་ཀྱི་བགྲོ་གླེང་གྲོས་ཚོགས་བསྡུས། མཛའ་བརྩེའི་མཉམ་འབྲེལ་བྱེད་སྒོ་སོགས་སྤེལ་བ་ཡིན་ལ། གཙོ་གནད་ཏང་འཛུགས་མཉམ་ལས་སྐྲུན་སྐུལ་སྤེལ་དང་ཁྲལ་བསྡུའི་སྦྲེལ་མཐུད་ཤུགས་སྣོན། ཉམས་མྱོང་མཉམ་རོལ་ལ་སྐུལ་སྤེལ། ཁྲལ་ཆག་རིན་ཆག་དོན་འཁྱོལ། ཚོང་གཉེར་ཁོར་ཡུག་ལེགས་བཅོས། ཁྲལ་བསྡུའི་འཕེལ་རྒྱས་ལ་འཆར་འགོད། སྟོབས་ཤུགས་གཅིག་ཏུ་སྦྲེལ་ནས་བརྟན་འཇགས་འཕེལ་རྒྱས་ཀྱི་བོད་ཁུལ་སྐྲུན་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་གཏིང་ཟབ་པའི་ཁ་བརྡ་བརྗེ་རེས་བྱས་ཏེ། སྔར་ལས་ལྷག་པར་ཡུན་བོད་ཁྲོན་ཞིང་ཆེན་གསུམ་གྱི་རྫོང་བཞིའི་ཁྲལ་དོན་ལས་ཀའི་སྤེལ་རེས་སྟེགས་བུ་བསྐྲུན་ལ། མཉམ་གཏོད་མཉམ་སྐྲུན་གྱི་ལས་ཀའི་བླང་བྱ་དང་སྦྲེལ་མཐུད་གཙོ་གནད་གསལ་བོ་བྱས་ཤིང་། མཉམ་གཏོད་མཉམ་སྐྲུན་གྱི་ཁྱབ་ཁོངས་གཏན་ཁེལ་བྱས་ལ་མཉམ་གཏོད་མཉམ་སྐྲུན་གྱི་སྒྲིག་གཞིར་གྲོས་མཐུན་བྱུང་། དེ་མིན་མཉམ་གཏོད་མཉམ་སྐྲུན་གྱི་ཆ་འཕྲིན་འབྲེལ་འདྲེས་སྟེགས་བུ་བསྐྲུན་ནས་ལས་བྱེད་པ་ཕན་ཚུན་གྱི་མཛའ་བརྩེར་སྔར་ལས་དམ་པོ་བྱས་ཡོད་ལ་ཕྱོགས་གཉིས་ལ་ཕན་པའི་ལས་དོན་མངོན་འགྱུར་བྱུང་ཡོད་པ།

      རྗེས་ཕྱོགས་ཡུན་བོད་ཁྲོན་གསུམ་གྱི་རྫོང་བཞིའི་ཁྲལ་དོན་ཅུས་ཡིས་མཉམ་གཏོད་མཉམ་སྐྲུན་གྱི་བྱེད་སྒོའི་སྟེགས་བུ་རྨང་གཞི་བྱས་ནས་སྔར་ལས་ལྷག་པར་ཁྲལ་བསྡུ་ཞབས་ཞུའི་དོ་དམ་དང་ཁྲལ་དོན་ཏང་འཛུགས། བོད་ཁུལ་གྱི་བརྟན་འཇགས་དབུལ་སྐྱོར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་རྒྱུ་ཡིན་ལ། ཞིང་ཆེན་བརྒལ་བའི་ཁྲལ་བསྡུའི་མཉམ་ལས་དང་ཏང་འཛུགས་སྣེ་སྟོན་ལ་ཤུགས་སྣོན་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྲལ་བསྡུ་བོད་དར་དང་བདེ་འཇགས་བོད་ཁུལ་ལས་ཀར་སྐུལ་སྤེལ་གྱིས་རྒྱུན་མཐུད་དུ་བོད་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ལ་སྐུལ་སྤེལ་བྱ་རྒྱུ་ཡིན་ལ། མཉམ་གཅིག་ཏུ་ཁྲལ་འཇལ་མཁན་ལ་འདྲ་མཉམ་དང་ཡོངས་བསྒྲགས། དྲང་བདེན་གྱི་ཁྲལ་འཇལ་ཁོར་ཡུག་ཅིག་བསྐྲུན་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་བའི་བོད་ཁུལ་གྱི་ཁྲལ་བསྡུ་དེ་དུས་རབས་གསར་བར་སྐྱོད་པར་སྐུལ་སྤེལ་བྱས།