ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་77པ་འཚོཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན།  སྐབས་བརྒྱད་པའི་ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་ཐེངས་77པ་འཚོགས་པ་དང་།  ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྔ་བཞི་བྱ་འགུལ་བྱས་ནས་ལོ་100འཁོར་བའི་རྗེས་དྲན་ཚོགས་ཆེན་ཐོག་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  ཀུའུ་ཁུན་གྱིས་ཁུལ་ཡོངས་ཀྱི་ན་གཞོན་རྩ་འཛུགས་ཁག་གིས་ནན་ཏན་ངང་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཟབ་འཇུག་དང་བགྲོ་གླེང་བྱེད་སྒོ་སྤེལ་ནས། ན་གཞོན་ཚོས་ཕ་ཡུལ་ལ་འཛུགས་སྐྲུན་དང་ཞབས་ཞུ་དེ་བས་ལེགས་པར་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་།སློབ་སྦྱོང་བརྒྱུད་ནས་྇ཁས་ལེན་བཞི་ཤུགས་ཆེར་གཏོང་བ་དང་རང་རྟོགས་བཞི་བརྟན་པོར་གཏོང་བ།སྲུང་སྐྱོང་གཉིས་ལག་བསྟར་བྱེད་པ། ཁུལ་ཡོངས་གོང་འོག་ཏུ་སྔར་ལས་ལྷག་པར་སྲོག་ཤིང་ལ་བརྩི་བཀུར་བྱེད་པ་དང་བློ་ཕྱོགས་པེ་ཅིང་ལ་ཁ་གཏད་པ་ཞེས་པའི་བརྗོད་བྱའི་སློབ་གསོ་བྱེད་སྒོ་ལེགས་པར་བསྒྲུབས་ནས།དུས་རབས་གསར་པ་དང་ལམ་བུ་གསར་པར་བྱས་རྗེས་གསར་པ་བཞག་དགོས་ཞེས་པའི་བླང་བྱ་བཏོན།