ཁུལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་དར་འཕེལ་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་5པའི་ཚེས་6ཉིན། ཁུལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་དར་འཕེལ་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས། ཚོགས་འདུའི་ཐོག་བསྟན་དོན། ཁུལ་ཡོངས་གོང་འོག་གིས་སྔར་ལས་ལྷག་པར་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་ལས་དར་འཕེལ་ལེགས་སུ་གཏོང་དགོས་པ་དང་།  མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་དགོས། བློ་ཐག་རྦད་ཆོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཁག་ཐེགས་བྱེད་དགོས། 

         ཉིན་དེའི་སྔ་དྲོར། ཚོགས་འདུར་ཞུགས་པའི་ཁུལ་དང་རྫོང་།  ཤང་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དག་ཁུལ་ཨུ་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་འགོ་ཁྲིད་འོག  སེམས་ཀྱི་ཉི་ཟླ་ཀུའེ་ཨའོ་དབུལ་སྐྱོར་ཐོན་ལས་ལྡུམ་ར་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དག་གཙང་སྐྱེ་དངོས་འདེབས་བཙུགས་ཚད་ཡོད་ཀུང་སིའི་ལི་གྲོ་དང་ཀྲུང་ལུགས་སྨན་རིགས་འདེབས་བཙུགས་གནས་གཞི།  ཡུན་ནན་ཐེན་ཆོན་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་པེ་མ་འདེབས་བཙུགས་གནས་གཞི་བཅས་སུ་རྟོག་ཞིབ་དང་ལྟ་སྐོར་སོང་བ་རེད།

        ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་ཁུལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་དར་འཕེལ་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།  ཁོང་གིས་ནན་བཤད་གནང་དོན།  ཁུལ་ཡོངས་གོང་འོག་གིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲུང་ཆིན་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་འགྱུར་བྱེད་དགོས་པ་དང་།  སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པའི་ཚད་གཞི་ལ་མདོ་འདུ་བྱེད་དགོས། བློ་ཐག་རྦད་ཆོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པ་དང་ བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། དངོས་གནས་ཀྱིས་སྤྱོད་ཚུལ་སྒྱུར་དགོས་པ་དང་སྲིད་ཇུས་ཁག་གནས་སུ་བཀོད་སྒྲིག་དང་དོན་འཁྱོལ་བྱེད་དགོས།

         ཀུའུ་ཁུན་གྱིས་བསྟན་དོན། མིག་སྔར་ཁུལ་ཡོངས་རྨང་གཞི་བཏིང་པ་དང་ཐོན་ལས་ལེགས་འགྱུར།ནུས་ཤུགས་ཡོད་རྒུས་མཆོང་སྐྱོད་དར་འཕེལ་ལ་སྐུལ་འདེད་གཏོང་བའི་གནད་འགག་ཏུ་གནས་ཡོད།  ཁུལ་ཡོངས་གོང་འོག་གིས་གཅིག་ནས་དབྱར་རྩྭ་དགུན་འབུའི་རི་ལ་དོ་དམ་ཚོད་འཛིན་ཡག་པོ་བྱེད་དགོས་པ་དང་།  གཉིས་ནས་བརྟན་བརླིང་གི་ཡུན་ཕན་ལམ་སྲོལ་དགུ་དོན་འཁྱོལ་མཐར་ཕྱིན་ཡག་པོ་བྱེད་དགོས།  གསུམ་ནས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པར་ཤུགས་རྒྱག་དགོས།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཆི་ཅན་ཞིན་གྱིས་ཚོགས་འདུའི་ཐོག་ཁུལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་དར་འཕེལ་གྱི་སྐུལ་འདེད་ལས་ཀ་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་།  ཁོང་གིས་ཁུལ་ཡོངས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པའི་དམིགས་འབེན་ལ་དམ་པོ་དམིགས་ནས།དངོས་གནས་ཀྱིས་ཐོན་ལས་དར་འཕེལ་གྱི་གཅིག་བསྡུས་བྱེད་ཚད་གོང་དུ་གཏོང་དགོས་པ་དང་།རྒྱུན་མི་ཆད་པར་གཙོ་གནད་ཐོན་ལས་གཞི་ཁྱོན་ཅན་དང་ཞིབ་ལས་ཅན་གྱི་ཕྱོགས་སུ་དར་འཕེལ་བྱུང་བར་སྐུལ་འདེད་གཏོང་དགོས་ཞེས་པའི་བླང་བྱ་བཏོན་པ་རེད།

         ཚོགས་འདུའི་ཐོག་ད་དུང་ཡུན་ནན་ཞིང་ཆེན་ཤིན་ཏུ་དབུལ་པོ་ས་ཆའི་དབུལ་སྒྲོལ་འགག་སྒྲོལ་བདེ་ཆེན་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་ཡུལ་དངོས་སུ་བདེ་ཆེན་ཁུལ་ཞིང་ལས་ཐོན་ལས་དབུལ་སྐྱོར་འཆར་གཞི་ཡི་2019ལོ་འཁོར་གྱི་ཐོན་ལས་ལས་འགན་དབྱེ་ཕྲལ་བྱས་པ་རེད།