རྡོ་མཁར་རྫོང་གནའ་གྲོང་ནང་དུ་མི་ཚོགས་ཀྱི་འཁྲུག་ཆ་དོད་པ།

རྩོམ་པ་པོ།   བློ་བཟང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2019-05-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


ལྔ་གཅིག་གུང་གསེང་རིང་།   སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་མཁན་འབོར་ཆེན་ཞིག་བྱུང་ཡོད།    རྡོ་མཁར་རྫོང་གནའ་གྲོང་གི་ཁྲོམ་གཞུང་ནང་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཆེ་ཞིང་།   ས་གནས་རང་ནས་ཐོན་པའི་ཤ་སྐམ་དང་།  སིལ་སྐམ་ཤ་མོ།    དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་ཐོན་རྫས་ལ་འཛད་སྤྱོད་པས་ཤིན་ཏུ་དགའ་པོ་བྱེད་ཀྱི་ཡོད་ཅིང་ཉོ་མཁན་མང་པོ་ཞིག་བྱུང་ཡོད།    ཡུལ་འདིར་གྲགས་ཆེ་བའི་གནའ་གྲོང་ནང་གི་མ་ཎི་འཁོར་ལོའི་ཉེ་འགྲམ་དུ་ཡང་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བས་བཀང་འདུག     གཞན་ཡང་ཕྱོགས་བཞིའི་སྲང་ལམ་དུ་སྙན་ལྷང་ལྷང་གི་སྐོར་བྲོའི་སྒྲ་དབྱངས་གྲགས་པ་དང་ལྷན་དུ་ཡུལ་སྐོར་བས་ས་གནས་ཀྱི་ཡུལ་མི་ཚོ་དང་ལྷན་དུ་གར་གྱི་སྟང་སྟབས་མངོན་བཞིན་དོན་སྙིང་ལྡན་ལ་དགའ་སྤྲོས་འཁེངས་པའི་གུང་གསེང་ཞིག་རོལ་ཡོད།