འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ས་དམ་ནས་འཚོགས་པ།

རྩོམ་པ་པོ།   ཧྲི་ཞའོ་ལེན།  ཡིག་བསྒྱུར།       དུས་ཚོད།   2019-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་30ཉིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་།   ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་དང་།    ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་འགན་སྒྲུབ་གནང་བའི་དུས་ཡུན་ཉིན་གསུམ་རིང་གི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དེ་ས་དམ་གནའ་གྲོང་ནང་ནས་འཚོགས་པ་རེད།   བདེ་ཆེན་གྱི་མཛེས་ལྗོངས་ཁུལ་གཙོ་བོ་དང་ཡུལ་སྐོར་ལས་དོན་ཁང་འོས་སྦྱོར་ནང་ཞུགས་ནས་ཡུལ་སྐོར་རིག་གནས་ངོ་སྤྲོད་དང་བརྒྱུད་སྒྲོག་བྱས་ཡོད།  ཡུལ་སྐོར་བ་མང་པོས་བདེ་ཆེན་གྱི་ཡུལ་སྐོར་ཐོན་ཁུངས་དང་ཐེངས་འདིར་བཀོད་སྒྲིག་བྱས་ཡོད་པའི་བྱ་དགའི་དངོས་རྫས་སོགས་ལ་བསྔགས་བརྗོད་ཚད་མེད་གནང་ཡོད།   

        འོས་སྦྱོར་འདུ་ཚོགས་དེ་བདེ་ཆེན་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་དགའ་སྤྲོའི་རྟེན་འབྲེལ་ཞེས་པའི་གླུ་གཞས་ཁྲོད་ནས་འགོ་བརྩམས་པ་དང་།    རིམ་བཞིན་གླུ་གར་སྤྲོ་སྐྱིད་ཀྱིས་ཁེངས་པའི་ཁམས་པ།   བུ་མོ་དཀར་མཚོ།    གནའ་བོའི་ལམ་རྒྱུད་ཞབས་བྲོ།   ལྷན་འཛོམས་སོགས་ཀྱི་འཁྲབ་སྟོན་བརྒྱུད་ནས་མི་མང་པོའི་ཡིད་དབང་བཀུག་ཡོད་པ་དང་།      རྒྱ་ཆེའི་ཡུལ་སྐོར་བར་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་གླུ་གར་གྱི་སྟོན་མོ་གྱ་ནོམ་པ་ཞིག་ཕུལ་ཡོད།   འཆར་ཤེལ་གྱི་རྒྱབ་ངོས་སུ་སེམས་ཀྱི་ཉི་ཟླའི་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་དང་འགྲམ་ཆུ་ལྡང་བར་འཇུག་པའི་བོད་ཁུལ་གྱི་ཞིམ་མངར་ལྡན་པའི་བཟའ་བཅའ་བསྟན་ནས་ཡིད་དབང་འཕྲོག་པའི་བདེ་ཆེན་གྱི་མཛེས་པ་ས་གནས་ས་སོ་ནས་ཐོན་པའི་ཡུལ་སྐོར་བ་དང་ལས་ཡུལ་དངོས་ཀྱི་གྲོགས་པོ་ཚོར་འགྲེམས་སྟོན་བྱས་ཡོད།