ཀྲུང་དབྱང་ནག་ཚོགས་གཙང་སེལ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་ཨང20པས་བདེ་ཆེན་དུ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་གནང་བ།

རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-05-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།   ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་ནག་ཚོགས་གཙང་སེལ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་ཨང་20པ་ཟླ་4པར་ཡུན་ནན་ཞིང་ཆེན་དུ་བཅའ་སྡོད་བྱས་ནས་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།  ཟླ་4པའི་ཚེས་26ཉིན་ནས་བཟུང་ཀྲུང་དབྱང་ནག་ཚོགས་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་ཨང་20པའི་ཙུའུ་ཀྲང་ཧན་ཡུང་གིས་ཚོ་ཆུང་གི་སྣེ་ཁྲིད་དེ་བདེ་ཆེན་ཁུལ་དུ་འབྱོར་ནས་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད།    ཀྲུང་དབྱང་ནག་ཚོགས་གཙང་སེལ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་20པས་ཡུན་ནན་དུ་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་ཆེད་མངགས་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་0871—65235320ཡིན།   ཆེད་མངགས་ཐེར་འདོན་གོང་ཞུའི་ཡིག་སྒམ་ནི།    ཡུན་ནན་ཞིང་ཆེན་ཁུན་མིང་སྦྲག་སྲིད་7322ཡིག་སྒམ་ཡིན།