ཞི་ཅིན་ཕིང་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-30   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

ཟླ4བའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་ཡན་ཆིན་ནས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་ཁ་ཡིག་ལ་ལྗང་མདོག་འཚོ་བར་མཉམ་དུ་ཇུས་གཞི་འདོན་པ་དང་མཛེས་པའི་ཁྱིམ་གཞི་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་ཡན་ཆིན་ནས་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས་པར་མ་ཟད་ཁ་ཡིག་ལ་ལྗང་མདོག་འཚོ་བར་མཉམ་དུ་ཇུས་གཞི་འདོན་པ་དང་མཛེས་པའི་ཁྱིམ་གཞི་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཁོང་གིས་རང་བྱུང་དང་མཐུན་པར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འོངས་པ་གསར་སྐྲུན་བྱེད་དགོས་པ་དང་། སའི་གོ་ལ་ནི་མིའི་རིགས་ཡོངས་མཉམ་གནས་བྱེད་པའི་ཁྱིམ་གཞི་གཅིག་པུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཛེས་པའི་སའི་གོ་ལའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

        ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་རྒྱང་རིང་ནས་ཕེབས་པའི་མགྲོན་པོ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཚེས་ཉེར་བདུན་ཉིན་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་མཇུག་སྒྲིལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་སྒོ་འབྱེད་འཕེལ་རྒྱས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་ཞིག་ཡིན་པར་མ་ཟད་ཅིས་ཀྱང་བགྲོད་དགོས་པའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཀྱང་ཡིན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཛེས་པའི་སའི་གོ་ལའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

        ཚོགས་འདུའི་སྟེང་རྒྱལ་སྤྱིའི་འགྲེམ་སྟོན་ཅུའུ་ཡི་དྲུང་ཡིག་ཆེན་མོ་ལོ་སེ་ཐེ་སི་དང་རྒྱལ་སྤྱིའི་ལྡུམ་རའི་ལག་རྩལ་ཐོན་སྐྱེད་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨོ་སི་ཐི་ལོ་མུའུ་གཉིས་ཀྱིས་ཤིས་ཚིག་ཕུལ། ཁོ་ཚོས་ཀྲུང་གོ་ནི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཡིན་ཞེས་གཟེངས་བསྟོད་བྱས་པར་མ་ཟད་ཀྲུང་གོ་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་དང་མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པར་གདེང་འཇོག་ཆེན་པོ་གནང་།

        མཇུག་མཐར་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དང་མཉམ་དུ་མཛེས་པའི་ཁྱིམ་གཞི་ཞེས་པ་བརྗོད་གཞི་ཡིན་པའི་རིག་རྩལ་དགོང་ཚོགས་ལ་གཟིགས།

        ཏེན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཧོང་ཁུན་མེན། ཚེ་ཆི། ཝང་དབྱི། ཀྲའོ་ཁི་ཀྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།