དབྱང་ལི་ཕིང་གིས་འཁྲབ་ཁྲིད་བྱས་པའི་སེམས་ཀྱི་ཉི་ཟླ་དང་འཕྲད་པ་ཞེས་པའི་གླུ་བྲོའི་ཟློས་གར་ཟླ་5པའི་ཚེས་2ཉིན་དུ་སྟོན་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་2ཉིན།  སེམས་ཀྱི་ཉི་ཟླ་དང་འཕྲད་པ་ཞེས་པའི་སེམས་ཀྱི་ཉི་ཟླའི་གླུ་བྲོའི་ཟློས་གར་འཁྲབ་སྟོན་དེ་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རར་དངོས་སུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་། འཁྲབ་སྟོན་དེ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ནང་གི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་ཀྱི་གླུ་བྲོའི་ཟློས་གར་འཁྲབ་སྟོན་(ཁང་པའི་ནང)ཞེས་པར་ཚུད་པ་རེད།

        འཁྲབ་སྟོན་དེས་སེམས་ཀྱི་ཉི་ཟླའི་བོད་ཀྱི་རིག་གནས་བླ་སྲོག་ཏུ་བྱས་པ་དང་སེམས་ཀྱི་ཉི་ཟླའི་དུས་ཚིགས་བཞིའི་འགྱུར་ལྡོག་གཙོ་ཐིག་ཏུ་བྱས་པ།  འཁྲབ་སྟོན་ཡོངས་སུ་རྩྭ་ཐང་དང་གནས་རི།  དགོན་པ། གནའ་གྲོང་སོགས་སེམས་ཀྱི་ཉི་ཟླའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སྣ་ཚོགས་ལྟད་མོ་བ་རྣམས་ཀྱི་མིག་ལམ་དུ་སྟོན་པ་རེད།

        ད་ལོར།  འཁྲབ་སྟོན་དེར་བྲོ་གར་བ་གྲགས་ཅན་དབྱང་ལི་ཕིང་གིས་སྤྱི་ཁྱབ་རྩོམ་སྒྲིག་འཁྲབ་ཁྲིད་པའི་འགན་ཁུར་བ་དང་། མཐོང་ཚོར་དང་ཐོས་ཚོར་ཕྱོགས་གཉིས་སུ་རིམ་སྤར་བྱས་ཡོད་དེ།  དུས་ཡུན་སྐར་མ་60རིང་དུ་རྔ་སྒྲ་མི་ཉམས་པ་དང་བོད་ཡུལ་གྱི་གྱོན་ཆས་འགྲན་བསྡུར།  དྲེལ་པའི་དཔའ་སྟོབས།  ནས་ཀྱི་ཉིན་ལུམས།  ཁ་བ་དཀར་པོ་དང་འཕྲད་པ་ཞེས་པའི་ལེ་ཚན་ལྔར་བགོས་ཡོད་ལ།   འཁྲབ་སྟོན་ཡོངས་སུ་དབྱང་ལི་ཕིང་གི་བྲོ་གར་གྱི་ཉམས་འགྱུར་མཉམ་འདྲེས་བྱས་ཡོད་པ་རེད།