ཀོང་ཀྲུའུ་ནས་སེམས་ཀྱི་ཉི་ཟླ་བར་ཉིན་རེར་འགྲོ་འོང་མཁའ་ལམ་ཤར་གཏོང་ཐུབ་པ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  ཀོང་ཀྲུའུ་ནས་སེམས་ཀྱི་ཉི་ཟླ་བར་ཉིན་རེར་འགྲོ་འོང་མཁའ་ལམ་ཤར་གཏོང་ཐུབ་པ་རེད།  མཁའ་ལམ་འདི་ནི་བདེ་ཆེན་ཁུལ་དང་ཤར་ཕྱོགས་མཁའ་ལམ་ཡུན་ནན་ཀུང་སི་གཉིས་ཀྱིས་མཉམ་དུ་ཁྱབ་སྤེལ་གཏོང་བའི་དབུལ་སྐྱོར་མཁའ་ལམ་ཐོག་མ་ཡིན་ལ། ལམ་ཐིག་འདིའི་ཨང་རྟགས་ནི་MU5774/MU5773ཡིན།  ཀོང་ཀྲུའུ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མཁའ་ལམ་ནི་ཉིན་ལྟར་གྱི་ཞོགས་པར་འཕུར་རྒྱུ་དང་།  སེམས་ཀྱི་ཉི་ཟླ་ནས་ཀོང་ཀྲུའུ་བར་གྱི་མཁའ་ལམ་ནི་ཉིན་ལྟར་གྱི་ཆུ་ཚོད་23:05འཕུར་རྒྱུ་རེད།

        མཁའ་ལམ་དེ་ཤར་གཏོང་ཐུབ་ན་ཕྱོགས་གཅིག་ནས་བདེ་ཆེན་གྱི་ཡུལ་སྐོར་དང་དཔལ་འབྱོར་སྤྱི་ཚོགས་དར་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་།  ཕྱོགས་གཞན་ཞིག་ནས་བདེ་ཆེན་མི་དམངས་ཚོས་ཀོང་ཀྲུའུ་རུ་སོང་ན་སྟབས་བདེ་སྐྲུན་པ་མ་ཟད་ལམ་གྲོན་གྲོན་ཆུང་དུ་གཏོང་རྒྱུ་རེད།