འབའ་ལྷག་དཀར་རྫོང་གི་གངས་དཀར་རོལ་དབྱངས་སྤྲོ་ཚོགས་སྤེལ་གྲབས་ཡོད།

རྩོམ་པ་པོ།   རིན་ཚེས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ངོ་མཚར་གྱི་འབའ་ལྷག་དཀར་རྫོང་ཞེས་པ་བརྫོད་གཞི་བྱས་པའི་གངས་དཀར་རོལ་དབྱངས་དུས་ཆེན་སྐབས་བཞི་བ་ད་ལོའི་ཟླ་5བའི་ཚེས་1ཉིན་འབའ་ལྷག་དཀར་རྫོང་ནས་འགོ་བརྩམ་རྒྱུ་རེད། ཐེངས་འདིའི་རོལ་དབྱངས་དུས་ཆེན་ལ་འཕགས་པ་སྐྱབས་དང་མཆོད་རྟེན་འབུལ། ཡུན་ཏོ་སོགས་གྲགས་ཆེ་བའི་གླུ་བ་མང་བོ་ཡོད།





      རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟའི་བར་འབའ་ལྷག་དཀར་རྫོང་གིས་རོལ་དབྱངས་དུས་ཆེན་ཐེངས་གསུམ་སྤེལ་མྱོང་བ་མ་ཟད། ལོ་གསུམ་གྱི་རིང་ལ་འབའ་ལྷག་དཀར་རྫོང་གི་ལྷན་འཛོམས་ཞེས་པ་དང་ལོག་ཤོག་འབའ་ལྷག་དཀར་རྫོང་། འབའ་ལྷག་སྐར་འཛོམས་ཞེས་པ་སོགས་ཆེད་བསྒྲིགས་བརྙན་འཁོར་གསུམ་འགྲེམ་སྤེལ་བྱས་པ་རེད། ཐེངས་རེའི་རོལ་དབྱངས་དུས་ཆེན་སྟེང་ཡུལ་སྐོར་བ་དང་ལྟད་མོ་བ་རྣམས་ཀྱིས་འབའ་ལྷག་དཀར་རྫོང་གྲོང་རོང་ཆེན་མོ་དང་འབའ་ལྷག་དཀར་རྫོང་རྒྱལ་ཁབ་རིམ་པའི་གྲགས་ཆེའི་ལྗོངས་ཁུལ་གྱི་མཛེས་པ་རོལ་མྱོང་བྱེད་པའི་དུས་མཚུངས་སུ་ལོ་ངོ་སྟོང་གི་བོད་ཀྱི་རིག་གནས་ལ་རྒྱུས་ལོན་ཐུབ་ལ། གངས་རིའི་ལྗོངས་ཀྱི་གདོད་མའི་བོད་ཀྱི་གླུ་གར་ལ་རོལ་མྱོང་བྱེད་ཐུབ་པ་རེད།

      ངོ་སྤྲོད་ལྟར་ན། ལོ་ངོ་བཞི་ཅུའི་སྔོན་གྱི་འབའ་ལྷག་དཀར་རྫོང་ནི་རྗེས་ལུས་དང་དབུལ་ཕོངས་ཀྱི་མཚོན་རྟགས་ཡིན་ལ། དུས་རབས་གསར་བའི་ཡུས་ཀུང་བསོད་ནམས་དོན་གྲུབ་ཀྱིས་ས་གནས་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ། གཡང་གཟེར་གྱི་གྲོག་རོང་ལ་གཞུང་ལམ་བཏང་ལ། མི་ལོ་བཅུ་གསུམ་རིང་དཀའ་སྤྱད་འབད་བརྩོན་བྱས་མཐར་འབའ་ལྷག་དཀར་རྫོང་གིས་ལོ་ངོ་སྟོང་ལ་བརྒྱབ་པའི་སྒོ་ཆེན་ཕྱེས་ཤིང་། ས་གནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་ལ་སྙེག་འགོ་བརྩམས་པ་རེད།