ཞིང་ལས་ཆེད་མཁས་པས་མྱི་ཟུར་གྲོང་མི་ལ་འདེབས་འཛུགས་ལག་རྩལ་འཁྲིད་པ།

རྩོམ་པ་པོ།   དཀའ་ཐར།  ཡིག་བསྒྱུར།       དུས་ཚོད།   2019-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཉེ་ཆར།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་།  ལུའོ་ཅི་ཤང་ངལ་རྩོལ་འགན་སྲུང་ཅུས་གཉིས་ཀྱིས་བདེ་ཆེན་ཁུལ་ཞིང་ལས་ཞིང་གྲོང་ཅུས་ཀྱི་ཞིང་ལས་ཆེད་མཁས་པ་ཐའོ་ཙུང་རེན་གདན་དྲངས་ཏེ་མྱི་ཟུར་གྲོང་ཚོར་སོང་ནས་མྱི་ཟུར་གྲོང་ཚོའི2019ལོའི་ལས་ཞུགས་དབུལ་སྐྱོར་གྱི་ཞིང་གྲོང་ངལ་རྩོལ་ནུས་ཤུགས་རྩལ་ནུས་གསོ་སྦྱོང་བྱས་པ་རེད།  དུས་ཡུན་ཉིན་བཞིའི་རིང་།  མྱི་ཟུར་གྲོང་ཚོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས།ལག་ལེན་དངོས་ཀྱི་སློབ་ཁྲིད་བརྒྱུད་དེ་ཡེར་མའི་སྡོང་བོ་དང་བདུན་ཅན་དྭ་བ་འདེབས་འཛུགས་བྱེད་པ་དང་།   སྦྲེལ་མཐུད་བྱེད་པ།   རིགས་འདེམས་པ།   ཆུ་གཏོང་བ།   ལུད་རྒྱག་པ།  ད་དུང་ཀུ་ཀུ་ཤ་མོའི་འདེབས་འཛུགས་དང་བཏོག་སྟངས། དོ་དམ་བྱེད་སྟངས་སོགས་ཀྱི་ལག་རྩལ་གྲོང་མི་རྣམས་ལ་འཁྲིད་ཡོད། ཐེངས་འདིའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་མཁན་མི་གྲངས་ཉིན་རེར་མི75ཡོད་པ་དང་།  ལག་རྩལ་དངོས་ཀྱི་སློབ་ཁྲིད་བརྒྱུད་ནས་ད་ཐེངས་ཀྱི་གསོ་སྦྱོང་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད།  འཆད་ཁྲིད་དགེ་རྒན་གྱིས་ས་རྒྱུ་དང་། གནམ་གཤིས།ས་བབ་སོགས་ཀྱི་དབྱེ་ཞིབ་དང་དེ་བཞིན་འདེབས་འཛུགས་དང་། འདེབས་གསོ།  དོ་དམ་བཅས་ཀྱི་ལག་རྩལ་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས།   མྱི་ཟུར་གྲོང་ཚོའི་གྲོང་མིས་རང་ཉིད་ཀྱི་ཐོན་ལས་ལ་རྒྱུས་ལོན་དང་། དོ་དམ་ཡག་པོ་བྱེད་པའི་ཇུས་གཞི་ཁ་གསལ་བཟོས་ཡོད་པས།   སླད་ཕྱིན་མྱི་ཟུར་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།