འཚོ་བཅུད་ཀྱི་མི་འདང་བའི་མངོན་རྟགས་དྲུག

རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


གཅིག   སྐྲ་སྐམ་པོར་གྱུར་བ་དང་།  ཇེ་ཕྲར་གྱུར་བ།  ཆད་སླ་ཞིང་ལྷུང་སླ་བ།  འདིའི་རིགས་ཡིན་ནི་ཕལ་ཆེར་སྤྲི་དཀར་དང་ནུས་ཚད།  ཚིལ་སྐྱུར་བཅས་ཀྱིས་མི་འདང་བར་དོགས།   

གཉིས།  མཚན་མོའི་དུས་སུ་མིག་དབང་གི་ནུས་པ་ཇེ་ཞན་དུ་གྱུར་བ།   འདིའི་རིགས་ཡིན་ན་ཕལ་ཆེར་འཚོ་བཅུདAཡིས་མི་འདང་བར་དོགས།  

གསུམ།   ལྕེའི་གཉན་ཚད་བྱུང་བ་དང་།  ལྕེ་ལ་སེར་ཁ་གས་པ།  ལྕེ་སྐྲངས་པ་སོགས་ཀྱི་རིགས་ཡིན་ན།  ཕལ་ཆེར་འཚོ་བཅུད་རིགསAཡིས་མི་འདང་བར་དོགས།

བཞི།   ཁ་ཤ་ལ་སེར་ཁ་གས་པ་ཡིན་ན་ཕལ་ཆེར་འཚོ་བཅུད་ B1དང་།  དུད་སྐྱུར་(烟酸)ཡིས་མི་འདང་བར་དོགས།   

ལྔ།  སོ་རྙིལ་ནས་ཁྲག་བྱུང་བ་ཡིན་ན།  ཕལ་ཆེར་འཚོ་བཅུད C ཡིས་མི་འདང་བར་དོགས།  

དྲུག   བྲོ་བ་མྱངས་པའི་རོ་འཛིན་གྱི་ནུས་པ་ཇེ་ཞན་དུ་སོང་བ་ཡིན་ན།  ཕལ་ཆེར་རྫས་ཞིན་(锌)ཟེར་བ་དེ་མི་འདང་བར་དོགས།