སེམས་ཀྱི་ཉི་ཟླའི་དྲ་བ་ལ་ཀྲུང་གོའི་སྨྱན་སྦྱོར་མཉམ་འདྲེས་གསར་གཏོད་ཀྱི་སྤུས་རྟགས་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-25   རྩོམ་ཁུངས།    བདེ་ཆེན་ཉིན་རེའི་ཚགས་པར།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་17ཉིན་ནས་ཚེས་20ཉིན་བར།སྐབས་དགུ་པའི་ཀྲུང་གོའི་དྲ་སྦྲེལ་སྤུས་རྟགས་ཀྱི་བྱ་དགའ་ཆེན་པོ་སྤྲོད་པའི་མཛད་སྒོ་དང་། སྐབས་གསུམ་པའི་སྨྱན་སྦྱོར་གསར་པའི་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་དང་ཝུའུ་ཏང་ཏའོ་ཇའི་སྤུས་རྟགས་འོས་སྦྱོར་ཚོགས་འདུ་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་དུ་འཚོགས་པ་རེད། དེའི་རིང་། སྐབས་དགུ་པའི་ཀྲུང་གོའི་དྲ་སྦྲེལ་སྤུས་རྟགས་ཀྱི་བྱ་དགའ་ཆེན་པོ་ཡོངས་བསྒྲགས་བྱས་པ་དང་འབྲེལ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ནས། ཀྲུང་གོའི་སྨྱན་སྦྱོར་མཉམ་འདྲེས་གསར་གཏོད་ཀྱི་སྤུས་རྟགས་ཡག་ཤོས་ཀྱི་བྱ་དགའ་དང་། ཀྲུང་གོའི་གསར་འགྱུར་དྲ་ཚིགས་ལ་ཀུན་གྱིས་ཡིད་ཆེས་ཆེ་ཤོས་ཀྱི་ཕུལ་བྱུང་གི་བྱ་དགའ་50 ཀྲུང་གོའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཚད་ཤིང་མི་སྣ་རྩེ་གྲ་10། རྒྱལ་ཡོངས་སྲིད་དོན(སྲིད་གཞུང)དྲ་ཚིགས་ཀྱི་ཕུལ་བྱུང་སྤུས་རྟགས་50སོགས་བྱ་དགའ་ཆེན་པོ་10སྤྲད་པ་རེད། སེམས་ཀྱི་ཉི་ཟླའི་དྲ་བ་ལ་ཀྲུང་གོའི་སྨྱན་སྦྱོར་མཉམ་འདྲེས་གསར་གཏོད་ཀྱི་སྤུས་རྟགས་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།