ཁུལ་ཨུ་ལྟེ་བའི་ཚོ་ཆུང་གི་གཅིག་སྡུད་སློབ་སྦྱོང་ཐེངས་གསུམ་པ་དང་ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-25   རྩོམ་ཁུངས།   


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་21ཉིན།2019ལོ་འཁོར་གྱི་ཁུལ་ཨུ་ལྟེ་བའི་ཚོ་ཆུང་གི་གཅིག་སྡུད་སློབ་སྦྱོང་ཐེངས་གསུམ་པ་དང་ཁུལ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་ཧྲན་རྫོང་ཏུའུ་ལུང་ཅང་ཤང་ལ་བསྐུར་བའི་འཕྲིན་ལན་དང་།ཞིང་ཨུའི་གཞུང་ལས་ཐིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུའུ་ལུང་ཅང་ཤང་གི་མང་ཚོགས་ལ་བསྐུར་བའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་སྐོར་གྱི་བརྡ་ཐོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་བ་དང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པའི་མངོན་གསལ་དོད་པའི་གནད་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་་བཅས་སློབ་སྦྱོང་བྱས་པ།འབའ་ལུང་རྫོང་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་སྙན་སེང་ཉན་པ་དང་ཉེ་དུས་ཀྱི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་ཚོགས་འདུ་གཙོ་སྐྱོང་གནང་བ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་ཚོགས་འདུར་ཞུགས།


ཀུའུ་ཁུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་དང་གསུངས་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་རིམ་པ་ཁག་གིས་ཏང་རྩ་འཛུགས་ཀྱིས་ཁུལ་ཨུའི་བཀོད་སྒྲིག་ལྟར་རྩ་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།དྲིལ་བསྒྲིགས་སྒྲོག་འགྲེལ་དང་དོན་འཁྱོལ་མཐའ་ཕྱིན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་པ།