དབུལ་སྒྲོལ་འགག་སྒྲོལ་གྱི་བདེ་ཆེན་ཡུལ་དངོས་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།   ཧྲི་ཞན་ཡའོ།  ཡིག་བསྒྱུར།       དུས་ཚོད།   2019-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཟླ་4པའི་ཚེས་22ཉིན་ནས་ཚེས་23ཉིན་བར།ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བདེ་ཆེན་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་འགན་འཁྲི་འཁུར་སེམས་དང་།ལས་འགན་སྒྲུབ་སེམས་དང་དགོས་གཏུགས་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་པ།ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཤིན་ཏུ་དབུལ་བའི་མཁར་རྫོང་ལ་ཕྱོགས་ཡོངས་ནས་ཕར་རྒོལ་བྱས་ཏེ།དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཡུལ་དངོས།

      ཞིང་ཨུའི་ཧྲུའུ་ཅི་ཁྲིན་ཧའོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཨོའུ་ཆིང་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

       ཨོའུ་ཆིང་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་2018ལོའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།ཡུན་ནན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་ཡུན་ནན་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར།ཀྲུང་དབྱང་གི་ས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་ཁུངས།ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུ་བཅས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་བསྟན།

ཞིང་ཨུའི་ཧྲུའུ་ཅི་ཁྲིན་ཧའོ་ཡིས་གསུང་བཤད་གནང་བ།

      ཨོའུ་ཆིང་ཕིང་གིས་2019ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་ལོ་ཞིག་ཡིན་ལ། ཡུན་ནན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་ལས་འགན་དཀའ་ཚེགས་ཆེ་ཤོས་ཀྱི་ལོ་ཞིག་ཀྱང་ཡིན་ཏེ།ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། དམིགས་འབེན་གྱི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་དགོས། ཧྲང་ཧའེ་དང་། ཀོང་ཏུང་། ཀྲུང་དབྱང་བཅས་ཀྱི་དམིགས་འཛུགས་དབུལ་སྐྱོར་ལས་ཁུངས་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ནན་པོ་དང་ཏན་ཏིག་གི་བླང་བྱ་མཐའ་འཁྱོངས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཨོའུ་ཆིང་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

       ཁྲེན་ཧའོ་ཡིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན། རྒྱལ་ཁབ་སྡེ་ཚན་ཁག་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་ནི་རང་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཐུབ་མིན་གྱི་འགག་རྩ་ཡིན་པས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་བཏང་སྟེ་འདུ་ཤེས་བཞི་ཞེས་པ་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་ཞེས་པ་བརྟན་དུ་གཏོང་བ། སྲུང་སྐྱོང་ གཉིས་ཞེས་པ་ཐུབ་པ་བཅས་བྱས་ཏེ།དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་ནས་ད་ལོ་དང་སང་ལོའི་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན།


      ཁྲེན་ཧའོ་ཡིས་དམིགས་ཚད་ཀྱི་ཚད་གཞི་ནན་དུ་བཏང་ནས་2019ལོའི་ལོ་མཇུག་ཏུ་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ཞེས་པའི་མངོན་གསལ་དོད་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། གནད་སྨིན་ཇུས་འདོན་ལ་ཤུགས་སྣོན་བརྒྱབ་ནས་དམིགས་སའི་རང་བཞིན་གྱི་དབུལ་སྒྲོལ་འགག་སྒྲོལ་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་ཤུགས་རྒྱག་དགོས།ཕུགས་ཕན་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་བར་གྱི་སྦྲེལ་མཐུད་ཡག་པོ་བྱེད་དགོས།འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་བརྒྱབ་ནས་ཏང་གི་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།


      སྐུལ་འདེད་ཚོགས་འདུའི་ཐོག ཧྲང་ཧའེ་གྲོང་ཁྱེར་མིན་ཧང་ཆུས་དང་།ཅ་ཏིང་ཆུས། པའོ་ཧྲན་ཆུས། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དབན་ཧྲན་ཁུལ་སོགས་ཆུས་8ཀྱིས་རང་ཞིང་ཆེན་བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ་འབྲེལ་ཡོད་རྫོང་དང་གྲོང་ཁྱེར་དང་མཉམ་དུ་2019ལོར་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གྲོས་མཐུན་བཞག་པ་དང་།ཧྲང་ཧའེ་གྲོང་ཁྱེར་དང་ཀོང་ཏུང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་།ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དང་།ཀྲུང་གོ་ལྷོ་ཕྱོགས་གློག་དྲ་ཚད་ཡོད་འགན་འཁྲི་ཀུང་སི། ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཚད་ཡོད་ཀུང་སི། ཞིང་ཆེན་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བས་སྤེལ་རེས་གཏམ་བཤད་བྱས་པ་རེད།


      ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཧུའེ་ཡན་དང་།ལི་ཝུན་རུང་།ཧོ་ཏོན་ཆི། ཝང་ཧྲུའུ་ཧྥུན། ཁྲེན་ཧྲེང་། ལི་ཀྲེང་དབྱང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་དང་།ཤར་ནུབ་དབུལ་སྐྱོར་རོགས་ལས་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་འབྲེལ་ཡོད་ལས་ཁུངས།ཀྲུང་དབྱང་གི་དམིགས་འཛུགས་དབུལ་སྐྱོར་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས། འབྲེལ་ཡོད་ཁུལ་ (གྲོང་ཁྱེར)དང་རྫོང(གྲོང་ཁྱེར་དང་ཆུས)གི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།

      ཚོགས་འདུའི་སྐབས་སུ།ཚོགས་ཞུགས་འཐུས་མིས་བདེ་ཆེན་ཁུལ་གྱི་ཐོན་ལས་དབུལ་སྐྱོར་དང་། ཡུལ་སྐོར་དབུལ་སྐྱོར།སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་བཅས་དང་དེ་བཞིན་འབྲེལ་ཡོད་ཁ་གཏད་རོགས་སྐྱོར་རྣམ་གྲངས་ཀྱི་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་རེད།