རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་གུང་གཞོན་ཚོགས་པའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས།

རྩོམ་པ་པོ།   བསམ་སྤྱོད།  ཡིག་བསྒྱུར།       དུས་ཚོད།   2019-04-23   རྩོམ་ཁུངས།   

ཉེ་ལམ། རེ་སྒུག་དང་དོ་ཁུར་ཆེན་པོ་བྱེད་པའི་གུང་གཞོན་ཚོགས་པའི་རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས། སློབ་གྲྭ་ཡོངས་ཀྱི་སྡེ་ཁག་དག་གི་ཀྲི་པུའུ་དང་དགེ་སློབ120ལྷག་གིས་སློབ་གྲྭའི་གུང་གཞོན་ཚོགས་པའི་མངགས་བཅོལ་དང་དུ་བླངས་ནས་རྒྱ་ཆེའི་གཞོན་ནུ་ཚོའི་བདེ་ཐང་དང་འཆམ་མཐུན།རིག་གནས།མཛེས་སྡུག བདེ་སྐྱིད་བཅས་ཀྱི་རེབ་གོང་རྗོང་མི་རིགས་སློབ་འབྲིང་འཛུགས་སྐྲུན་གྱི་རླབས་ཆེན་རྒྱང་བསྐྱོད་ཁྲོད་བཞག་པའི་བྱས་རྗེས་དང་ཇུས་ཆེན་ལ་ཐུན་མོང་གིས་གྲོས་བསྡུར་བྱས་པ་རེད།

གྲོས་ཚོགས་ལ་རྫོང་གུང་གཞོན་ཚོགས་པའི་འགོ་གཙོ་མ་ཆིན་དང་།རྫོང་སློབ་གསོ་ལས་དོན་ཨུ་ཡོན་གཞུང་དོན་ཁང་གི་ཀྲུའུ་རིན་ཤིན་པེ་ཀྲུང་། སློབ་གྲྭའི་ཏང་ཨུ་འགོ་གཙོ། སློབ་གཙོ་འཕགས་མོ་རྡོ་རྗེ། ཏང་ཨུའི་ཧྲུའུ་ཅི་གཞོན་པ་པདྨ་རྡོ་རྗེ། སློབ་གཙོ་གཞོན་པ་མཁའ་རྩེ་དང་བན་ཏེ་མཁར།སློབ་སྟོན་ཁང་གི་ཀྲུའུ་རིན་གཡུང་དྲུང་ཐར།སྲིད་སྟོན་ཁང་གི་ཀྲུའུ་རིན་བདྨ་དོན་འགྲུབ།སྤྱི་གཉེར་ཁང་གི་ཀྲུའུ་རིན་བསོད་ནམས།བཟོ་ཚོགས་ཁང་གི་ཀྲུའུ་ཞི་ཡི་དམ་རྒྱལ་བཅས་ཚོགས་འདུར་ཞུགས་ལ།གུང་གཞོན་ཚོགས་པའི་འགོ་གཙོ་སྙིང་བྱམས་ཚེ་རིང་གིས་ཚོགས་འདུ་མགོ་འཛིན་བྱས།

རྫོང་གུང་གཞོན་ཚོགས་པའི་འགོ་གཙོ་མ་ཆིན་ཡིས་གཏམ་བཤད་གནང་། ཁོས་ནན་བཤད་གནང་དོན། སློབ་གྲྭ་ཡོངས་ཀྱི་གུང་གཞོན་ཚོགས་པ་དག་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས་ཏང་གི་འབོད་སྐུལ་དང་གུང་གཞོན་ཚོགས་པའི་བྱ་འགུལ་མཐའ་སྐྱོང་བྱས་ཏེ། ཏང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་བྱེད་དགོས། གུང་གཞོན་ཚོགས་པའི་རྩ་འཛུགས་ནན་སྐྱོང་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་བཙུགས་ཏེ། གཞོན་ནུ་གོང་བུར་འགྲིལ་བ་དང་ཁྱོན་ཡོངས་ལ་ཞབས་ཞུ།ཟམ་པ་འདེགས་བྱེད་ཀྱི་ཀ་བ་ལྟ་བུ་བཞིན་གུང་གཞོན་ཚོགས་པ་ནན་སྐྱོང་གི་རྣམ་པ་ཞིག་བཏོད་དགོས།གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་དང་འཇོན་ཐང་།བསམ་པའི་རིག་གནས་བཅས་ཀྱི་དགོས་མཁོ་དམིགས་ཏེ་ནན་ནན་ཏིག་ཏིག་གི་ཞབས་འདེགས་ཞུ་དགོས་པ་དང་།རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་གུང་གཞོན་ཚོགས་པའི་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་དང་གསར་གཏོད་བྱེད་དགོས་ལ།གུང་གཞོན་ཚོགས་པའི་འགུག་ཤུགས།འགྲིལ་ཤུགས་དང་འཐབ་རྩོད་ནུས་པ་མཐོར་འདེགས་བྱེད་དགོས། སྔར་ལས་ལྷག་པའི་བྱ་བ་བྱེད་སྟངས་ལེགས་སུ་བཏང་སྟེ།གཞོན་ནུ་མང་ཚོགས་ཁྲོད་ཞུགས་པ་དང་།ན་གཞོན་པའི་བསམ་ཚུལ་ལ་ཉན་པ།ན་གཞོན་གྱི་ཕུགས་འདུན་ལ་རྒྱུས་ལོན།བསམ་འདུན་ཞུ་འབུལ།ན་གཞོན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་བྱ་གཞག་གསར་གཏོད་བྱེད་པར་རྒྱབ་སྐྱོར་བཅས་བྱས་ཏེ་རྒྱ་ཆེའི་ན་གཞོན་རྣམས་ཀྱི་བློས་ཐུབ་གྲོགས་པོ་བྱེད་དགོས་ཟེར།

བློ་མཐུན་འཕགས་མོ་རྡོ་རྗེ་ཡིས་རྒྱ་ཆེའི་ན་གཞོན་རྣམས་ལ་ཕུགས་འདུན་རིང་བ་དང་མིག་རྒྱང་རིང་བ།བློ་བརྟན་འགྱུར་མེད་ཀྱི་ན་གཞོན་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་དང་།སྙིང་རུས་ཆེན་པོའི་སློབ་སྦྱོང་བྱས་ནས་ཤེས་བ་དང་ཉམས་ལེན་གཅིག་གྱུར།འཇོན་ཐང་མངོན་པར་བཏོད་པའི་ན་གཞོན་ཞིག་བྱེད་དགོས་བའི་རེ་བ་བཏོན། འགན་ཁུར་ཕོད་པ་བློ་རྩ་བརྟན་པོའི་ཡར་རྒྱས་བརྩོན་ལེན།དངོས་གཉེར་གསར་གཏོད་བྱེད་པའི་ན་གཞོན་པ། བློ་སྦྱོང་ལ་ཤུགས་བསྣན་ནས་ཀུན་སྤྱོད་བླ་ན་མེད་པ་སྲོལ་གསར་དར་སྤེལ་གཏོང་བའི་ཚུལ་ལྡན་གྱི་གཞོན་ནུ་ཞིག་བྱེད་དགོས།

སློབ་གྲྭའི་གུང་གཞོན་ཚོགས་པའི་འགོ་གཙོ་སྙིང་བྱམས་ཚེ་རིང་གིས་ཚོགས་ཆེན་ཐོག་བྱ་བའི་སྙན་ཞུ་གནང་བ།

སློབ་གྲྭ་སོ་སོའི་གུང་གཞོན་ཚོགས་པས་ཐེངས་འདིའི་ཚོགས་འདུ་ལ་རྟེན་འབྲེལ་གྱི་འཕྲིན་སྐུར་ཡོང་བ་དང་།རྫོང་དབྱི་ཕུའུ་སློབ་འབྲིང་གི་འཐུས་མི་དང་།རོང་བོ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ།དགེ་འདུན་ཆོས་འཕེལ་སློབ་འབྲིང་བཅས་ཀྱི་འཐུས་མིའི་ཐེངས་འདིའི་ཚོགས་འདུ་ལ་རྟེན་འབྲེལ་གྱི་འཕྲིན་སྐུར་ཡོང་བ་རེད།

བློ་མཐུན་སྙིང་བྱམས་ཚེ་རིང་གིས་ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་གུང་གཞོན་ཚོགས་པའི་ཚབ་བྱས་ནས《དུས་རབས་གསར་པ་འཐམ་པ་དང་།འོས་འགན་གསར་པ་ཁྲག་ཏུ་བླངས་བ།བྱས་རྗེས་གསར་པ་མངོན་ཏེ།མཐུན་སྒྲིལ་གྱིས་ན་གཞོན་གསར་པ་སྣེ་ཁྲིད་ཏེ་བརྟན་རླིང་འཆམ་འཐུན།འཕེལ་རྒྱས་ཡར་ཐོན་གྱི་རེབ་གོང་རྫོང་མི་རིགས་སློབ་འབྲིང་གསར་པ་དེ་འཛུགས་སྐྲུན་ཁྲོད་དཔའ་ངར་ཆེན་པོའི་མདུན་སྐྱོད་དང་ཐུན་མོང་འོད་སྟོང་ལྡན་པ་བྱེད་དགོས》བའི་བྱ་བའི་བླང་བྱ་བཏོན།