ཅིན་ཅང་གྲོང་རྡལ་གྱིས་ནག་ཚོགས་གཙང་སེལ་ལ་ཕྱོགས་ཡོངས་ནས་རྒོལ་ལན་སྤྲད་པའི་འགོ་བརྩམས།

རྩོམ་པ་པོ།   རིན་ཆེན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-18   རྩོམ་ཁུངས།    བདེ་ཆེན་ཉིན་རེའི་ཚགས་པར།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་འཐབ་རྩོད་གྱི་ལས་ཀ་གཏིང་ཟབ་པའི་སྒོ་ནས་སྤེལ་འགོ་བརྩམས་ཤིང་། སྟོངས་ཤུགས་གཅིག་ཏུ་སྒྲིལ་བྱས་ནས་ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒོལ་ལན་སྤྲད་པའི་འགོ་བརྩམས་པ་རེད།

    གྲོང་རྡལ་གྱིས་འགོ་ཁྲིད་ཚོ་ཆུང་བཙུགས་ནས་ལས་ཀའི་འཐབ་ཇུས་དང་ཆ་འཕྲིན་རྟག་ཞིབ་སྒྲིག་གཞི་གཏན་ཁེལ་བྱས་ཏེ། གྲོ་ཚོ་སོ་སོའི་དོན་ངོས་ལ་དམིགས་ནས་ལས་བགོས་མངོན་གསལ་དང་འགན་འཁྲི་དོན་འཁྱོལ་ཡོང་བར་བྱས་པ་རེད། དྲིལ་བསྒྲགས་ལ་རྒྱུན་མཐུད་ཤུགས་སྣོན་བྱས་པ་སྟེ། གྲོང་རྡལ་ཡོངས་ཀྱི་མང་ཚོགས་ལ་ནག་ཚོགས་གཙང་སེལ་གྱི་དྲིལ་བསྒྲགས་ཡིག་ཆའམ་ནག་ཚོགས་གཙང་སེལ་དྲིལ་བསྒྲགས་བརྡ་ཁྱབ་ཡོད་པའི་ལོ་ཐོ་10000ལྷག་དང་། ནག་ཚོགས་གཙང་སེལ་གྱི་རྒྱུན་ཤེས་ཀློག་དེབ་ཅེས་པའི་ལག་དེབ་8200ལྷག་བཀྲམ་ལ། རིག་སླ་སའི་ལམ་འགག་དང་མི་ཚོགས་མང་སའི་ཁྲོམ་ར། སོགས་སུ་སྦྱར་ཡིག་སྦྱར་བ་དང་ཡིག་བྱང་འགེལ་བ། གྱང་ངོས་སོགས་སུ་དྲིལ་བསྒྲགས་ཡི་གེ་འབྲི་བ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ནག་ཚོགས་གཙང་སེལ་གྱི་ལས་ཀ་གཏིང་ཟབ་ཀྱིས་སྤེལ་བ་རེད།


    དེ་མིན་གྲོང་རྡལ་འདིས་ནག་ཚོགས་གཙང་སེལ་གྱི་རྒྱུན་ཤེས་རྒྱུག་ལེན་རྩ་འཛུགས་བྱས་ནས། ས་གནས་ཀྱི་ལས་བྱེད་པ་མང་ཚོགས་ལ་ཁེ་ཕན་གྱི་བསླུ་བྲིད་མི་ཐེབས་པར་སྤྱོད་གཙང་དང་རང་ཚུགས་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱས་པ་རེད།