ཉི་ཤར་གྲོང་ཚོས་ནག་ཚོགས་གཙང་སེལ་གྱི་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་བྱས།

རྩོམ་པ་པོ།   རིན་ཆེན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-18   རྩོམ་ཁུངས།    བདེ་ཆེན་ཉིན་རེའི་ཚགས་པར།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་གིས་ནག་ཚོགས་གཙང་སེལ་གྱི་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་བྱས་ལ། ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་ལས་གྲོང་མི་སོ་སོའི་སེམས་ཁོང་སུ་ཆགས་ཐུབ་པར་སྐུལ་སྤེལ་བྱས་པ་རེད།


    ཉི་ཤར་ཤང་གིས་ནག་ཚོགས་གཙང་སེལ་གྱི་སློབ་གསོའི་དྲིལ་བསྒྲགས་ལས་ཀ་དང་སྟོང་སྐུལ་ལས་ཀ་གཉིས་མཉམ་འབྲེལ་བྱས་ཏེ། གྲོང་ཚོའི་ཚོ་ཆུང་དང་གྲོང་ཚོ་རེའི་རྒྱང་བསྒྲགས་སོགས་ཀྱི་བྱེད་ཐབས་སྤྱད་ནས་གྲོང་ཚོའི་ནང་ཞུགས་ནས་ནག་ཚོགས་གཙང་སེལ་དང་། མེ་མདའ་དང་འགད་རྫས་འགོག་བཅོས། ཁྲིམས་དང་མི་མཐུན་པའི་མ་དངུལ་བསྡུ་རུབ་སོགས་ཀྱི་ཐད་ཀྱི་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་བཏང་བ་རེད། གྲོས་ཚོགས་སྣ་ཚོགས་བརྒྱུད་ནས་ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་འཐབ་རྩོད་སྒྲིལ་བསྒྲགས་སྟོབས་ཤུགས་ཆེ་རུ་བཏང་ཞིང་། ཧུར་རྩོན་གྱིས་དམངས་ཆེན་འཐུས་ཚབ་པ་དང་ཏང་ཡོན་སོགས་གནད་འགག་མི་སྣའི་ནུས་པ་འདོན་སྤེལ་བྱས་ཏེ། ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་འཐབ་རྩོད་དེ་གཏིང་ཟབ་པའི་སྒོ་ནས་སྤེལ་བ་རེད། ཞུ་གཏུག་ཁ་པར་ཨང་གྲངས་དང་ཞུ་གཏུག་ཡིག་སྒམ་བཙུགས་པ། བསྒྲགས་ཡིག་སྦྱར་བ། སྐད་འཕྲིན་སྟེགས་བུ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་པ་བརྒྱུད་དེ། མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ནག་ཚོགས་ཀྱི་བྱེད་སྒོ་ཚང་འབྱིན་བྱེད་ཅིང་། མང་ཚོགས་ཀྱི་ནག་ཚོགས་གཙང་སེལ་ལ་ངོ་རྒོལ་བྱེད་པའི་ནུས་ཤུགས་བསྐྱེད་པ་རེད། ད་སྔའི་བར་ནག་ཚོགས་གཙང་སེལ་གྱི་དྲིལ་བསྒྲགས་སྦྱར་ཡིག་80ལྷག་བཀེལ་ཞིང་། དྲིལ་བསྒྲགས་ལག་དེབ་5000བཀྲམ་ལ། ཞུ་གཏུག་ཡི་གེ་སྒམ་53ལྷག་བཀེལ་བ་རེད།