གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་སྤེལ།

རྩོམ་པ་པོ།   རིན་ཆེན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-18   རྩོམ་ཁུངས།    བདེ་ཆེན་ཉིན་རེའི་ཚགས་པར།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན། གསར་འགོད་པས་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཚོགས་ནགས་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་གཞུང་སྒྲུང་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་དེ་དམིགས་འབེན་གསལ་བོ་དང་དྲིལ་བསྒྲགས་གནད་ཁེལ། ལས་སྒྲུབ་གནས་ཁེལ། ཞིབ་བཤེར་གནད་ཁེལ། ཆད་ལུས་མེད་པ་བཅས་ཡོང་ཕྱིར། གསར་སྤེལ་ཁུལ་ཨུ་དང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆེད་དུ་འགོ་ཁྲིད་ཀྱིས་གྲོང་ཚོ་ཞིག་ལ་འགན་འཛིན་བྱེད་པ་དང་ལས་བྱེད་པ་རེད་ཚོ་ཆུང་རེར་འགན་འཛིན་བྱེད་པ། ལས་འགན་གསལ་བ་དང་མི་སྣའི་ལས་བགོས་གསལ་བ་བཅས་ཀྱི་ཐབས་ཇུས་གཏན་ཁེལ་བྱས་ཏེ། དོ་དམ་འགན་འཁྲི་གསལ་བའི་ཏན་ཏིག་གི་ནག་ཚོགས་གཙང་སེལ་གྱི་ཆེད་དམིགས་འཐབ་རྩོད་ཅིག་སྤེལ་བ་རེད།


    ལས་ཀ་རིགས་སོ་སོ་དོན་འཁྱོལ་ཐུབ་པར་གསར་སྤེལ་ཁུལ་གྱིས་ཇུས་འགོད་ལྟར་ཁྲུའུ་རིམ་པའི་འགོ་ཁྲིད་ཀྱིས་ཙུའུ་ཀྲང་གི་འགན་བཞེས་ཏེ་ལས་ཀ་ལྟ་བསྟར་བྱས་ལ། དུས་རིམ་གསུམ་ལ་བགོས་ནས་བྱེ་བྲག་ལས་ཀ་ལག་བསྟར་བྱས་པ་རེད། འབྲེལ་བོད་འགན་འཛིན་པ་ལས་རྒྱུས་ལོན་བྱུང་བ་ལྟར་ན། གསར་སྤེལ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་རྣམས་ལ་གྲོང་ཚོའི་དུད་ཁྱིམ་བགོས་ནས་དྲིལ་བསྒྲགས་སྣེ་དང་ཞིབ་བཤེར་གཙང་སེལ། རྨང་གཞིའི་ཐོ་འགོད་འཛུགས་སྐྲུན་སོགས་ཀྱི་ལས་ཀ་སྐུལ་སྤེལ་བྱེད་བཞིན་པའི་སྒང་ཡིན་ལ། མི་འགྱིང་བར་ལས་ཀའི་དུས་རིམ་གཉིས་པའི་འགོ་བརྩོམ་རྒྱུ་ཡིན་པ་རེད།