བདེ་ཆེན་འབའ་ལུང་རྫོང་གི་སྟག་མའི་མེ་ཏོག་བཞད་པ་ཡག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-17   རྩོམ་ཁུངས།   

        ཟླ་བ་བཞི་བར་འབའ་ལུང་རྫོང་ཡུང་ཁྲུན་ཤང་སི་པའོ་གྲོང་ཚོའི་ཉེ་འགྲམ་དུ་སྟག་མའི་མེ་ཏོག་རི་ལུང་ཁེབས་ཡོད་ལ། མེ་ཏོག་གི་དྲི་ངད་ཕྱོགས་བཞིར་ལྡིང་བཞིན་ཡོད། 

        མེ་ཏོག་གི་ཚོམ་བུ་རེ་རེས་ཕན་ཚུན་མཛེས་ཉམས་འགྲན་རེས་དང་འཇོ་སྒེག་ངོམ་རེས་ཀྱིས་ལྗང་མདོག་གི་རི་ལུང་འདི་ཡོངས་སུ་སྤྲས་ཡོད་ལ།དཔྱིད་ཀའི་མཛེས་ལྗོངས་ལ་རོལ་བའི་ཡུལ་སྐོར་མང་བོ་ཡང་སྐོར་སྐོར་བྱས་ནས་གནས་འདིར་ཡོང་སྟེ་མེ་ཏོག་གི་མཚོ་མོ་འཁྱིལ་འདྲའི་མཛེས་ཉམས་འདིར་རོལ་བཞིན་ཡོད།