བདེ་ཆེན་གྱིས་ཕག་པའི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱས་པ།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


       ཟླ་4པའི་ཚེས་4ཉིན།ཞིང་ལས་གྲོང་གསེབ་པུའུ་གསར་འགྱུར་གཞུང་ལས་ཁང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་བྱུང་བའི་ཆ་འཕྲིན་ཁྱབ་བསྒྲགས་གནང་རྗེས། སྔོན་ཚོད་ནས་བཀོད་སྒྲིག་བྱེད་པ་དང་བྱ་སྤྱོད་མགྱོགས་སུ་གཏོང་བ།བྱ་ཐབས་སྣ་མང་སྤྱོད་དེ།ཧུར་ཐག་གིས་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱས་པ་རེད།

         བབ་བསྟུན་སྔོན་ཇུས་ལག་བསྟར་བྱས་པ། འགོས་ནད་བྱུང་རྗེས་རྫོང་དང་གྲོང་ཁྱེར་གསུམ་གྱིས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་ནས་འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་ལག་ལེན་བསྟར་ཏེ་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ལས་ཀའི་འཕྲལ་སྡོམ་ཐག་གཅོད་བཀོད་འདོམས་པུའུ་བཙུགས་ནས་དུས་ཐོག་ཏུ་ཚོགས་འདུ་འཚོགས་ཏེ་འགོས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་བཏང་བ་རེད། དུས་མཚུངས་སུ་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་གྲལ་བཤེར་ཇུས་གཞིསོགས་ཀྱི་ཡིག་ཆར་ཞིབ་འཇུག་བྱས་ནས་གཤམ་སྤེལ་བྱས་པ་དང་། ཉིན་རེར་སྙན་ཞུ་རེ་དང་ཉིན་གཅིག་ལ་ཞིབ་འཇུག་བརྡར་གཅོད་རེ་བྱེད་པ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་འགན་འཁྲི་མི་དང་ལས་འགན་བགོས་ཡོད།

         འགོས་ནད་བྱུང་ཚུལ་མགྱོགས་མྱུར་སྔོན་འགོག་དང་ཚོད་འཛིན་བྱས་པ། རྫོང་དང་གྲོང་ཁྱེར་གསུམ་གྱིས་འགོས་ནད་ཐོན་ཁུལ་སྤྱི་ལེ་3ཕྱིར་སྣུར་སྲིང་བྱས་པའི་འགོས་ནད་ས་ཁུལ་དང་འགོས་ནད་ས་ཁུལ་གྱི་མཐའ་རུ་སྤྱི་ལེ་10ཕྱིར་སྣུར་སྲིང་བྱས་པའི་གཏན་འབེབས་ལ་ནན་པོར་གཞིགས་ཏེ་འགོས་ནད་ཕོག་པའི་ས་ཁུལ་དང་འགོས་ནད་ཕོག་པའི་ས་ཁུལ་གྱི་བཙོག་གཅིན་གདན་དང་དེ་བཞིན་ནད་ཤི་ཕག་པ་གནོད་མེད་ཅན་དུ་སྔོན་འགོག་དང་ཚོད་འཛིན་བྱས་པ་དང་། འགོས་ནད་ས་ཁུལ་དུ་སྐྱོད་མཁན་འཁོར་རིགས་དང་མི་སྣ་ཚང་མར་ཐོ་འགོད་དེབ་གཞུང་བཟོ་བ་དང་དུག་སེལ་བྱས་ཏེ་མི་སྣས་འཕྲུལ་ཆས་ཀྱིས་དུག་འཁྱེར་ནས་མཆེད་རྒྱུ་ནན་འགོག་བྱས་ཏེ་འགོས་ནད་མཆེད་ཁོངས་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། ནད་བྱུང་བའི་ཕག་པ་གསོ་ཚགས་ར་བ་(དུད་ཚང)ལ་ལོགས་སུ་བཀར་བ་དང་གནས་སྤོ་ཚོད་འཛིན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འགོས་ནད་ཐོན་ཁུལ་གྱི་མཐའ་འཁོར་གྱི་གྲོང་ཚོ་དང་ཚོ་ཆུང་ཚང་མར་ཕག་པ་གསོ་ཚགས་བྱེད་དགོས་པ་དང་འགོས་ནད་འབྱུང་ཁུངས་ཁུངས་འདེད་ལས་དོན་ཧུར་ཐག་སྤེལ་དགོས་པའི་བླང་བྱ་བཏོན་ཡོད།

          ཁྱོན་ཡོངས་ནས་གྲལ་བཤེར་དང་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱབ་པ། རྫོང་དང་གྲོང་ཁྱེར་གསུམ་གྱིས་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ཏེ་ཁོངས་གཏོགས་ནང་ཁུལ་གྱི་ཕག་པ་གསོ་ཚགས་བཟོ་གྲྭ(དུད་ཚང)དང་། ཉོ་ཚོང་ཁྲོམ་ར། བཤས་ར་སོགས་ལ་ཕྱོགས་ཡོངས་དང་། དྲ་སྦྲེལ་རྣམ་པ། ཐེངས་མང་བཅས་ཀྱི་གྲལ་བཤེར་བྱས་ཏེ་ཤང་དང་གྲོང་རྡལ་གྱི་གྲོང་ཚོ་དང་། གྲོང་ཚོ་དང་ཚོ་ཆུང་། ཚོ་ཆུང་བཅས་ཀྱི་དུད་ཚང་མི་ལུས་པ་བྱེད་དགོས། འགྲོ་འོང་བྱེད་སའི་ལམ་མདོ་དང་ཤང་དང་གྲོང་རྡལ་ཁག་གི་ཁོངས་གཏོགས་ཁུལ་གྱི་ལམ་དུམ་གལ་ཆེན་ཚང་མར་གཱ་བཟོས་ནས་ལས་དོན་མི་སྣ་ཧྲག་པོ་སྐོང་འཐེན་གྱིས་འགྲོ་འོང་བྱེད་མཁན་སྐྱེལ་འདྲེན་རླངས་འཁོར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དུག་སེལ་བྱས་པ་དང་འབྲེལ་རྩད་ཆོད་ཐུབ་པའི་ཕག་ཤའི་ཐོན་རྫས་གནོད་མེད་ཅན་དུ་སྔོན་འགོག་དང་ཚོད་འཛིན་བྱས་པ་རེད། སྡོད་ཁང་འཛུགས་སྐྲུན་དང་། ཁོར་ཡུག་སྲུང་སྐྱོང་། ཁྲོམ་རའི་ལྟ་སྐུལ་དོ་དམ། ཕྱོགས་བསྡུས་ཁྲིམས་འཛིན་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས“ཆུར་བརྟེན་ནས་ཕག་པ་གསོ་བའི”ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་བཟའ་བཏུང་དང་། ཨར་ཁང་། མགྲོན་ཁང་། སློབ་གྲྭ ཟ་ཁང་སོགས་ཚང་མར་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་པ་དང་། ཁས་ལེན་ཡི་གེ་དང་གསལ་བཤད་ཡི་གེ་སྤྲོད་པ། ཐབ་ཚང་གི་ཅ་དངོས་ལྷག་མ་དང་དེ་བཞིན་འཁྲུད་ཆུ་གསོ་ཚགས་ལྷུ་ཚིགས་སུ་སྤྱོད་རྒྱུ་གཏན་འགོག་བཅས་བྱས་ཡོད། 

          དྲང་ཕྱོགས་ནས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། རྫོང་དང་གྲོང་ཁྱེར་གསུམ་གྱིས་མང་ཚོགས་ཀྱི་ཚོགས་འདུ་འཚོགས་པ་དང་། དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ། གསར་འགྱུར་སྨྱན་སྦྱོར་གྱི་གནས་ཚུལ་སྤེལ་གཏོང་། སྐད་འཕྲིན་སྤྱི་དམངས་ལས་སྟེགས་བརྒྱུད་སྤེལ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བ་དང་། བཤས་ར། འགྲིམ་འགྲུལ་འགག་ལམ། མི་སྣ་འདུ་འཛོམས་ཁུལ་སོགས་གཙོ་གནད་ས་ཁོངས་སུ་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་ཁྲིད་སྟོན་བྱེད་པ་དང་སྤྱི་ཚོགས་ཀྱི་འཇིགས་སྣང་ཏན་ཏིག་བསལ་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་ལེན་བྱས་ཡོད། 

          རྗེས་སྙེག་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་དང་གྲོང་ཁྱེར་གསུམ་གྱི་སྒྲིག་ཨུ་དང་། ལྟ་སྐུལ་དོ་དམ་ཨུ་ལྷན།  གཞུང་གཉེར་གཉིས་ལྟ་སྐུལ་ཞིབ་བཤེར་ཁང་བཅས་ཀྱིས་དུས་ཐོག་ཏུ་རྗེས་སྙེགས་སྒྲུབ་གཉེར་བྱས་ཏེ་ལས་དོན་ལ་མཐོང་ཆེན་མི་བྱེད་པ་དང་། འགན་འཁྲི་དོན་འཁྱོལ་མི་བྱེད་པ། ལས་འགན་དོན་འཁྱོལ་མི་བྱེད་པ་བཅས་ཀྱི་བརྡ་ཁྱབ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་ནས་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ཐོབ་པར་ཁག་ཐེག་བྱས་ཡོད།