རྒྱལ་ཐང་གི་ཐོག་བཏབ་སྲོལ།

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2019-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

ཐོག་བཏབ་པ་ནི་ཞིང་པ་ཚོའི་དུས་རྒྱུན་གྱི་ལས་ཀ་གཙོ་བོ་ཡིན་ལ། གནམ་གཤིས་དང་ས་བབ་སོགས་མི་མཐུན་པའི་རྐྱེན་གྱིས་ས་གནས་སོ་སོའི་ཐོག་བཏབ་པའི་ལུགས་སྲོལ་དང་བཏབ་ཐེངས། བཏབ་པའི་ལོ་ཏོག་གི་རིགས་སྣ་ཡང་འདྲ་མིན་སྣ་ཚོགས་ཡོད་རེད། དེ་ཡང་རྒྱལ་ཐང་ས་ཆ་ནི་མཐོ་སྒང་ཡིན་པ་དང་གནམ་གཤིས་ཅུང་གྲང་མོ་ཡིན་པས་ལོ་རེར་ཐོག་ཐེངས་རེ་ལས་བཏབ་རྒྱུ་མེད་པ་དང་།  གཙོ་བོ་ནི་ནས་དང་ཞོག་ཁོག ཡུངས་དཀར།   ཉུང་མ་སོགས་བཏབ་པ་རེད།





      དེ་ནས་རྒྱལ་ཐང་གི་ཐོག་བཏབ་པའི་སྔོན་དུ་སྡེ་བ་རེས་འཐུས་ཚབ་དུད་ཚང་རེ་འདམས་ནས་ཐོང་སྐར་འབྱེད་དགོས་པ་དང་། དུད་ཚང་དེས་ཉིན་བཟང་སྐར་བཟང་གཅིག་ཏུ་ལོ་རྟགས་མཐུན་པའི་མི་འདམས་ནས་ཐོང་སྐར་འབྱེད་དགོས། འཐུས་ཚབ་དུད་ཚང་དེས་ཐོང་སྐར་འབྱེད་རྗེས་སྡེ་བའི་ཁྲོད་ཀྱི་དུད་ཚང་གཞན་གྱིས་ཐོག་བཏབ་འགོ་ཚུགས་ཆོག་པ་རེད།

      ཞིང་པ་ཚོས་ཐོག་མ་བཏབ་སྔོན་དུ་ལུད་བླུགས་པ་དང་ལོག་རྒྱག་པ་ནི་ཕལ་ཆེར་ས་ཆ་མང་པོར་འདྲ་འདྲ་ཡིན་ས་རེད།  དེ་ནས་རྒྱལ་ཐང་བས་སྔར་ཡུངས་དཀར་བཏབ་པ་དང་དེའི་རྗེས་ནས། ཞོག་ཁོག་བཏབ་ནས་མཐར་ཉུང་མ་བཏབ་དགོས་པ་རེད། དེ་ནས་ཡུར་མ་ཐེངས་གཉིས་རེ་ཡུར་བ། ལྡུམ་སེལ་བ་སོགས་བྱས་ནས། སྟོན་ཁ་སླེབས་དུས་ཐོག་རུབ་ནའང་གོ་རིམ་ངེས་ཅན་ཞིག་ཡོད་དེ། སྔར་ཡུངས་དཀར་བརྔ་བ་དང་དེའི་རྗེས་ནས་བརྔ་བ་དང་དེ་ནས་ཉུང་མ་རུབ་པ།   མཐར་ཞོག་ཁོག་རུབ་དགོས་པ་རེད།