བསམ་ཡས་དགོན་པའི་ཕྱོཌ་བཞིའི་མཆོད་རྟེན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2019-04-06   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

བསམ་ཡས་དགོན་པའི་ཕྱོཌ་བཞིའི་མཆོད་རྟེན།-ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

    • 346891_yis_1481175795258.jpg


      རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་བསམ་ཡས་སུ་ཐོག་མར་གདན་འདྲེན་པའི་དུས་སུ་ཟུར་མཁར་རྡོ་རྗེའི་མཆོད་རྟེན་ནམ་ངོ་མཚར་རྡོའི་མཆོད་རྟེན་ལྔ་དང་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཕྱོགས་བཞི་རུ་སྣ་ནམ་རྒྱལ་ཚ་ལྷ་སྣང་དང་། མཆིམས་རྡོ་རྗེ་སྤེལ་ཆུང་སོགས་ཀྱིས་ལས་དཔོན་བྱས་ཏེ་མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོ་ཉན་ཐོས་ཀྱི་ལུགས་དང་། མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་པདྨས་བརྒྱན་པ་བྱང་ཆུབ་སེམས་པའི་ལུགས། མཆོད་རྟེན་ནག་པོ་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བརྒྱན་པ་སངས་རྒྱས་ཀྱི་ལུགས། མཆོད་རྟེན་སྔོན་པོ་དཔལ་ལྷ་ལས་བབས་པ་དེ་བཞིན་གཤེགས་པའི་ལུགས་སྒོ་མང་བཅུ་དྲུག་གིས་བརྒྱན་པ་དང་། མཆོད་རྟེན་འོད་འབར་བ་ཕྱི་ལྕགས་རིའི་སྟེང་དུ་སངས་རྒྱས་ཀྱི་རིང་བསྲེལ་རེ་བཞུགས་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཅས་བཞེངས་ཡོད།