མཚོ་སྔོན་འབྲོག་ཁུལ་དུ་བྱུང་བའི་གངས་སྐྱོན་ནི་ལོ60རིང་གི་གངས་སྐྱོན་ཆེ་ཤོས་སུ་གྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན།   མཚོ་སྔོན་ཞིང་ཆེན་མཁོ་བསྟུན་འཕྲལ་སྒྲུབ་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།    ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནས་བཟུང་བསྟུད་མུར་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་དུ་བྱུང་བའི་གངས་སྐྱོན་གྱིས།    མཚོ་སྔོན་གྱི་ཡུལ་ཤུལ་དང་མགོ་ལོག  གཞན་ཡང་མཚོ་ཤར་བཅས་ཁུལ་དང་གྲོང་ཁྱེར་གསུམ་གྱི་རྫོང་བཅུ་གསུམ་དང་ཞང་དང་གྲོང་རྡལ་རེ་བདུན་གྱི་སྡེ་བ་ཉིས་བརྒྱ་གྱ་གཅིག་གི་ཁྱིམ་ཚང་ཁྲི་ལྔ་དང་སྟོང་གསུམ་དང་མི་འབུམ་གཉིས་དང་ཁྲི་གཅིག་ལྷག་ལ་ཞད་མི་འདྲ་བའི་གནོད་འཚེ་ཐེབས་ཡོད་ཅིང་། ཐེངས་འདིའི་གངས་སྐྱོན་ཁྲོད་དུ་སྒོ་ཕྱུགས་ཁྲི་ལྔ་དང་སྟོང་བདུན་དགུ་བརྒྱ་ཤི་བས། ཐེངས་འདིའི་གངས་སྐྱོན་གྱིས་དཔལ་འབྱོར་ལ་གྱོང་གུད་ཐེབས་ཚད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་གཉིས་ལ་བསླེབས་ཡོད་པ་རེད།

དུས་མཚུངས་སུ། མཚོ་སྔོན་གྱིས་དུས་ལྟར་རྒུད་སྐྱོབ་མཁོ་བསྟུན་བྱ་བ་སྤེལ་ནས། རྒུད་སྐྱོབ་གནོད་འགོག་བྱ་བར་འགན་ལེན་ཁག་ཐེག་བྱས། མིག་སྔའི་བར་དུ། ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ས་ཡ་ལྔ་འབུམ་དགུ་ཁྲི་ལྔ་ལྷག་དངོས་འབེབས་བྱས།

གངས་སྐྱོན་བྱུང་རྗེས། མཚོ་སྔོན་གྱིས་འཕྲལ་ཏུ་མཁོ་བསྟུན་རྒུད་སྐྱོབ་བྱ་བ་སྒོ་ཀུན་ནས་སྤེལ། མིག་སྔའི་བར་དུ་ཁྱོན་བསྡོམས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ལྷག་བཏང་ཟིན་ལ། དེའི་ཁྲོད་དུ་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་འབུམ་ལྔ་ཡོད་ཅིང་། ཞིང་ཆེན་ཕྱི་ནང་ནས་ཞལ་འདེབས་སུ་ཕུལ་བའི་རོགས་སྐྱོར་མ་དངུལ་དང་རོགས་སྐྱོར་དངོས་ཟོག་ཚང་མ་སྒོར་མོར་བཀུགས་ན་ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་བདུན་ལྷག་ལ་བསླེབས། མ་དངུལ་འདི་དག་གིས་མཚོ་སྔོན་ལྷོ་རྒྱུད་ཀྱི་གངས་སྐྱོན་གནོད་སྐྱོབ་བྱ་བར་རྒྱལ་ཁ་ཐོབ་པར་འགན་སྲུང་བྱས་ཡོད།