རྒྱལ་ཁོངས་ཕྱི་ནང་དུ་སྐྱོད་པའི་ལག་ཁྱེར་རྒྱལ་ཡོངས་ནས་བསྒྲུབ་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-04-04   རྩོམ་ཁུངས།    ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་།

   

     ཞིན་ཅིན་ཚགས་པར་ཁང་གི་གསར་འགོད་པས་རྒྱལ་ཁབ་གནས་སྤོའི་ཡུལ་མི་དོ་དམ་ཅུས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2019ལོའི་ཟླ་4ཚེས་1ཉིན་ནས་བཟུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ཡིག་དཀྱུས་མ་དང་། ཞང་ཀང་དང་ཨའོ་མོན་དུ་འགྲོ་འོང་ལག་ཁྱེར། ཐའེ་ཝན་དུ་འགྲོ་འོང་ལག་ཁྱེར་བཅས་ལ་“རྒྱལ་ཡོངས་སུ་བསྒྲུབ་ཆོག་པ”ལག་བསྟར་བྱེད་རྒྱུ་རེད། ནང་སའི་སྡོད་དམངས་ཀྱིས་རྒྱལ་ཡོངས་ཀྱི་ས་ཆ་གང་རུང་དུ་ཕྱི་བསྐྱོད་དོ་དམ་སྒེའུ་ཁུང་དུ་གོང་གི་རྒྱལ་ཁོངས་ཕྱི་ནང་དུ་སྐྱོད་པའི་ལག་ཁྱེར་བསྒྲུབ་པའི་རེ་ཞུ་འབུལ་ཆོག་ཅིང་། རེ་ཞུ་བསྒྲུབ་པའི་འགྲོ་ལུགས་ནི་ཐེམ་ཐོ་ཡོད་ས་དང་གཅིག་པ་ཡིན།


●རྒྱལ་ཡོངས་ས་ཆ་གང་རུང་ནས་བསྒྲུབ་ཆོག ནང་སའི་སྡོད་དམངས་ཀྱིས་རྒྱལ་ཡོངས་ཀྱི་ས་ཆ་གང་རུང་དུ་ཕྱི་བསྐྱོད་དོ་དམ་སྒེའུ་ཁུང་ནས་རྒྱལ་ཁོངས་ཕྱི་ནང་དུ་སྐྱོད་པའི་ལག་ཁྱེར་བསྒྲུབ་པའི་རེ་ཞུ་འབུལ་ཆོག་ཅིང་། རེ་ཞུ་བསྒྲུབ་པའི་འགྲོ་ལུགས་ནི་ཐེམ་ཐོ་ཡོད་ས་དང་གཅིག་པ་ཡིན།

●ནང་སའི་སྡོད་དམངས་ཚང་མས་བསྒྲུབ་ཆོག

ཐེམ་ཐོ་ཡོད་ས་དང་སྡོད་གནས་སོགས་ཀྱི་ཆ་རྐྱེན་གྱི་ཚད་བཀག་མེད་ཅིང་། ནང་སའི་སྡོད་དམངས་ཚང་མས་ས་ཆ་གཞན་ནས་རྒྱལ་ཁོངས་ཕྱི་ནང་དུ་སྐྱོད་པའི་ལག་ཁྱེར་བསྒྲུབ་ཆོག

●རྒྱལ་ཁོངས་ཕྱི་ནང་དུ་སྐྱོད་པའི་ལག་ཁྱེར་ཚང་མ་བསྒྲུབ་ཆོག

ལམ་ཡིག་དཀྱུས་མ་དང་། ཞང་ཀང་དང་ཨའོ་མོན་དུ་འགྲོ་འོང་ལག་ཁྱེར། ཐའེ་ཝན་དུ་འགྲོ་འོང་ལག་ཁྱེར་བཅས་ཚང་མ་ས་ཆ་གཞན་ནས་བསྒྲུབ་ཆོག